国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月30日

ལའོ་ཆིན་འུའུ་ཡིས་བཟའ་བཅའི་བདེ་འཇགས་ཀྱི་“འགན་འཁྲི་གཉིས”ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་10ཚེས་26ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།གྲོང་སྤྱི་ལའོ་ཆིན་འུའུ་ཡིས་བཟའ་བཅའི་བདེ་འཇགས་ཀྱི་“འགན་འཁྲི་གཉིས”ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་རེད།

ལའོ་ཆིན་འུའུ་སོགས་སྔ་རྗེས་སུ་ཁ་རུབ་ཆུས་ཀྱི་ཕག་པའི་བཤས་ར་དང་།ཧྭ་རུན་ཞོལ་ཧྭ་སྦི་རག་བཟོ་གྲྭ གྲོང་ཁྱེར་གྱི་བྱིས་པ་ཁང་དང་པོ།གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གཉིས་པ། གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་ལྔ་པ་བཅས་སུ་ཕེབས་ཏེ་ཐོན་སྐྱེད་འཁོར་ཁང་དང་ཟ་ཁང་གི་ཐབ་ཚང་གི་ཐོན་སྐྱེད་དོ་དམ་ཚོད་འཛིན་དང་།བཟའ་བཅའ་ཉོ་སྒྲུབ། ལས་སྣོན་བཀོལ་སྤྱོད།ལས་ཞུགས་མི་སྣའི་བདེ་ཐང་དོ་དམ་སོགས་ཀྱི་གནས་ཚུལ་ལ་ས་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་མ་ཟད།ཚན་པ་ཁག་གི་བཟའ་བཅའི་བདེ་འཇགས་ལས་ཀ་བསྒྲུབས་ཚུལ་གྱི་སྙན་ཞུར་ནན་ཏན་ངང་ཉན་པ་དང་།ས་གནས་ས་ཐོག་ཏུ་ལྷག་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་རེད།

ལའོ་ཆིན་འུའུ་ཡིས་བཟའ་བཅའི་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་ལུས་པོ་བདེ་ཐང་ལ་འབྲེལ་བ་ཡོད་པ་དང་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཡིན་པས།བཟའ་བཅའི་བདེ་འཇགས་ཀྱི་“ནན་ཤོས་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་“འགན་འཁྲི་གཉིས”བསྒྲུབ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། བཤས་རར་ཐོན་སྐྱེད་བྱེད་རིམ་དང་རིམས་ནད་ཞིབ་བཤེར་ལྷུ་ཚིགས་ཀྱི་ལྟ་སྐུལ་ཚོད་འཛིན་གྱི་ཟིན་ཐོ་བཀོད་སྒྲིག་ཡག་པོ་བྱེད་པ་དང་།སྡེ་ཚན་ཁག་དབར་མཉམ་འགུལ་གྱི་མཉམ་ཤུགས་ཆགས་པ་བྱེད་ཅིང་། དུས་བཀག་ལྟར་རྩིས་ཐོ་ཞིབ་བསྡུར་བྱེད་པ་བཅས་བྱས་ཏེ་ཁེ་ལས་ཁོ་ནར་བརྟེན་ནས་རང་གིས་རང་ལ་ལྟ་སྐུལ་དོ་དམ་བྱེད་པ་གཏན་འགོག་བྱེད་ནས་ཁུངས་འདེད་ཀྱི་སྦྲེལ་ཐག་ཤར་གཏོང་ཐུབ་པ་བྱེད་དགོས།འགན་འཁྲིའི་དབྱེ་མཚམས་གསལ་པོ་བྱེད་ཅིང་། ཟ་ཁང་གི་བྱེད་པོས་བཟའ་བཏུང་མཁོ་སྤྲོད་ཡག་པོ་བྱེད་པ་དང་ སློབ་གསོ་ཅུས་ཀྱིས་སྣེ་ཁྲིད་དེ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་པ།བཟའ་བཅའི་བདེ་འཇགས་མི་སྣ་ཁག་གཅིག་གི་ལས་སྒོ་བྱང་ཆུབ་པོ་མེད་པའི་གནད་དོན་ལ་གཞིགས་ནས་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་།ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ལ་མཉམ་འབྲེལ་ཐོག་བྱ་ཐབས་ཞིབ་འཇུག་བྱེད་པ། ཁུངས་འདེད་བརྒྱུད་རིམ་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་ནས་ལྟ་སྐུལ་དོ་དམ་ཆད་ལུས་གང་ཡང་མེད་པ་བཟོ་དགོས་ཞེས་བསྟན་པ་རེད།

ལའོ་ཆིན་འུའུ་ཡིས་ལས་རིགས་ཁག་གི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་།བཟའ་བཅའི་བདེ་འཇགས་ཀྱི་བཀག་སྡོམ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་གཏན་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་།གནད་དོན་གྱི་རྩིས་ཁྲ་ཞིབ་ཚགས་བཟོ་བ་བཅས་བྱས་ཏེ་གནད་དོན་གཅིག་ཤེས་རྟོགས་ཐུབ་པ་དང་གནད་དོན་དེ་བཅོས་སྒྲིག་གང་ལེགས་ཐུབ་པ་བྱེད་དགོས།ཕྱོགས་ཁག་གི་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་།ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ།དོ་དམ་གྱི་ཞན་ཆར་ཁ་གསབ་པ་བཅས་བྱས་ཏེ་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ནས་གྲོང་ཁྱེར་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་གསུང་གནང་བ་རེད།

གྲོང་སྤྱི་གཞོན་པ་ཀང་ཡུས་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁ་རུབ་ཆུས་ཀྱི་ཆུས་ཀྲང་བཀྲ་ཤིས་དོན་གྲུབ་བཅས་མཉམ་དུ་ཞུགས་ཡོད་པ་རེད།