国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月30日

གྲོང་ཚོའི་ལས་བྱེད་པ་རྣམས་རང་འཁྲི་ཐེག་པ་ཁུར་ལེན་གྱི་ལམ་དུ་བཀྲི་བ།

—འཇོ་མདའ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་སྣེ་འཁྲིད་པའི་སྐོར་བཀོད་པ།

འཇོ་མདའི་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་སྣེ་འཁྲིད་པ་ཀྲང་ཀྲེན་གྲོང་ཚོ96ལ་ཕེབས་ཏེ། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་འགོ་འཛིན་རྣམས་འཁུར་སེམས་ཆུང་བས་གྲོང་སྡོད་ལས་དོན་རུ་ཁག་གིས་ཡོད་ཚད་སྒྲུབ་རོགས་བྱེད་པའི་གནས་ཚུལ་ལ་དམིགས་ནས། ཁོང་ཚོ་དང་ཉེ་བར་བཅར་ཏེ་ཁ་བརྡ་ལྷོད་ལྷོད་ཀྱིས་གྲོང་ཚོའི་ལས་བྱེད་པ་རྣམས་རང་འཁྲི་ཐེག་པ་ཁུར་ལེན་གྱི་ལམ་དུ་བཀྲིས་ཡོད།

ཆབ་མདོའི་སྨྱན་སྦྱོར་གྱི་གསར་འགོད་པ་ལན་ཞཱ་ཡིས་ལོ་གཉིས་ཙམ་ལ་གྲོང་ཚོར་བཅའ་སྡོད་བྱེད་མྱོང་ཡོད་པའི་ང་ལ་མཚོན་ན་ད་བར་དོགས་པ་ཞིག་འདུག ། གྲོང་ཚོར་བཅའ་སྡོད་ལོ་གཅིག་བྱས་རྗེས་གྲོང་ཚོ་ལ་ཡང་སྙིང་ཅི་ཞིག་འཇོག་དགོས་པ་ཡིན་ནམ།

ཀྲང་ཀྲེན་ནི་དམག་དཔུང་གི་དཔོན་དམག་ཅིག་ནས་ཏང་གི་སློབ་གྲྭའི་ལས་བྱེད་པ་ཞིག་གི་བར་དུ་ཡོང་མྱོང་མཁན་ཞིག་ལ་ཆ་མཚོན་ན། 2025ལོར་སླར་ཡང་འཇོ་མདའ་ལ་གྲོང་ཚོར་བཅའ་སྡོད་དུ་བསླེབས་ནས། རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་ཚོའི་ལས་དོན་རུ་ཁག་གི་སྤྱི་ཁྱབ་སྣེ་འཁྲིད་པའི་འགན་འཁུར་ཕྲག་ཏུ་བཞེས་པ་རེད། ཐེངས་སྔ་མར་ཁོང་གིས་མཐོང་བའི་གནད་དོན་དེ་ད་རེས་ཐག་གཅོད་བྱེད་དགོས་བསམ་ནས་ཕེབས་ཡོད།

འཇོ་མདའ་རྫོང་ཨུད་རྩ་འཛུགས་པུའི་གྲོང་སྡོད་གཞུང་ལས་ཁང་གི་ཀྲུའུ་རེན། ལི་བྱིན་ཀྲི་ཡིས་གྲོང་ཚོ96ལ་ཕྱིན་རྗེས་ཧྲུའུ་ཅི་ཀྲང་ལགས་ཀྱིས་མཐོང་གསལ་དུ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་འགོ་འཛིན་རྣམས་འཁུར་སེམས་ཆུང་བས་ལས་ཀ་ཕལ་ཆེ་གྲོང་སྡོད་ལས་དོན་རུ་ཁག་གིས་སྒྲུབ་རོགས་བྱེད་ཀྱིན་འདུག་ཅེས་བཤད།

འཇོ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་སྣེ་འཁྲིད་པ། ཐེངས་བཅུ་བཞི་པའི་རང་སྐྱོང་ལྗོངས་རིམ་པའི་སྔོན་ཐོན་གྲོང་སྡོད་ཀྱི་མཚན་སྙན་ཐོབ་པའི་ལས་བྱེད་པ་ཀྲང་ཀྲེན། གནད་དོན་འདི་ལྗོངས་ཡོངས་སུ་མཐོང་རྒྱུ་ཡོད། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་ཀྱང་གསུངས་མྱོང་ཡོད་པ་རེད། ངའི་ཐབས་ཤེས་སྟབས་བདེ་པོ་ཡིན། གྲོང་ཚོ་རེ་ནས་ཁང་པ་རེ་བཤུག་སྟེ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་སྣེ་ལེན་ཁང་དུ་བྱས་ན། གྲོང་ཚོའི་ལས་བྱེད་རྣམས་འདུག་ས་ཡོད་ལ་གྲོང་མི་རྣམས་ཀྱང་འགྲོ་ས་ཡོད་པ་རེད་ཅེས་བཤད།

འཇོ་མདའ་རྫོང་འཇོ་མདའ་གྲོང་རྡལ་ཨོམ་འབའ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི། ཀུན་དགའ་བསོད་ནམས་ཀྱིས་ཁོང་རྣམ་པ་འདིར་ཡོང་ན་ཅི་ཡིན་ཡང་བདེ་པོ་རེད། དོན་དག་ཡོད་ན་ཚུར་ཡོང་ནས་ཇ་འཐུང་། གྲོང་ཚོའི་དོན་དག་བཤད་པ་སོགས་བྱེད་དེ་བསྡད་ཆོག་གི་རེད་ཅེས་བཤད།

སྣེ་ལེན་ཁང་དང་ཁྲུས་ཁང་། ཟ་ཁང་སོགས་འདི་དག་ལ་གོ་སྒྲིག་བྱེད་དགོས་ན་ངས་བལྟས་ན་གཙོ་བོར་མི་དམངས་ལྟེ་བར་འཛིན་པའི་ལྟ་སྟངས་མངོན་དགོས། མང་ཚོགས་རྣམས་ཁྲུས་ཁང་ནང་ནས་ཆུ་ཚ་པོས་ལུས་པོ་བཀྲུ་ཆོག་པ་དང་། ལས་བྱེད་པ་དང་གྲོང་མི་རྣམས་མཉམ་དུ་འདུག་ནས་ཇ་མཉམ་འཐུང་དང་ཟས་མཉམ་ཟའི་སྒོ་ནས་འགྲོགས་ཡུན་རིང་བས་ཕན་ཚུན་གྱི་འབྲེལ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་རེད། ཏང་ཞུགས་དམ་ཚིག་རྣ་བར་ལྷང་ལྷང་དུ་གྲག་ཅིང་གཞུང་ལུགས་སློབ་སྦྱོང་གི་ཡིག་འབྲུ་རེ་རེ་སེམས་ཀྱི་གཏིང་ལ་ཟུག་ཡོད། ཀུན་དགའ་བསོད་ནམས་ནི་གྲོང་ཚོའི་འགོ་འཛིན་དང་ཕྱུག་འགྱུར་སྣེ་འཁྲིད་པ་ཞིག་ཡིན་པས་ཟླ་རེར་གྲོང་མི་རྣམས་ཀྱི་འགོ་ཁྲིད་དེ་ཏང་གི་གཞུང་ལུགས་གསར་མ་དག་ལ་སློབ་སྦྱོང་བྱས་དང་བྱེད་མུས་ཡིན་ལ་སྒུག་རྟེན་སློང་གསུམ་དང་ཉེན་ཁར་སྐྲག་པ། རང་གནས་སྲུང་ནས་འདུག་པ་སོགས་བསམ་བློ་རྙིང་པ་མཐའ་དག་རྒྱབ་ཏུ་བསྐྱུར་ཡོད།

འཇོ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་སྣེ་འཁྲིད་པ། ཐེངས་བཅུ་བཞི་པའི་རང་སྐྱོང་ལྗོངས་རིམ་པའི་སྔོན་ཐོན་གྲོང་སྡོད་ཀྱི་མཚན་སྙན་ཐོབ་པའི་ལས་བྱེད་པ།ཀྲང་ཀྲེན་གྱིས་གྲོང་ཚོའི་ལས་བྱེད་རྣམ་པའི་བསམ་བློར་འགྱུར་བ་འགྲོ་ཆེད། ང་ཚོས་འཇོ་མདའི་གསར་བརྗེའི་འདུན་པ་ཀུན་ནས་བསླངས་ཏེ། ཏང་གི་སློབ་ཚན་དང་ཏང་སྐྱོང་དཔེ་ཁང་སོགས་བཟོས་ཏེ། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་ཚོས་བསམ་ཕོད་པ་དང་བརྟག་ཕོད་པ། སྒྲུབ་ཕོད་པ་བཅས་བྱུང་ཡོད་ཅེས་བཤད།