国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月30日

སྒུལ་ཤུགས་འཕེལ་བ་བྱས་ཏེ། གསོན་ཤུགས་ཀྱི་ཆབ་མདོ་ཧུར་ཐག་གཏོད་དགོས།

—ཆབ་མདོ་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུའི་སྐོར་གླེང་བ་ལས་ཁག་གསུམ་པ།

《ཆབ་མདོའི་ཚགས་པར》ཐོག་དཔྱད་བརྗོད་པའི་རྩོམ་ཡིག་རིམ་པར་སྤེལ་ཡོད། དེའི་ཁ་བྱང་ནི་《སྒུལ་ཤུགས་འཕེལ་བ་བྱས་ཏེ། གསོན་ཤུགས་ཆབ་མདོ་ཧུར་ཐག་གཏོད་དགོས་པ་སྟེ། ཆབ་མདོ་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུའི་སྐོར་གླེང་བ་ལས་ཁག་གསུམ་པ》ཞེས་འཁོད་ཡོད།

གསོན་ཤུགས་ཆབ་མདོ་གཏོད་པར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་།གནད་ལ་འཁེལ་བ། ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཧུར་ཐག་བྱེད་པ།“ཕན་འདོགས་པ་གསུམ་དང་ཚང་དགོས་པ་གཅིག་གི”སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ།སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ།འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མང་བ་དང་དྲང་གཞག་ངང་མི་རིགས་ཁག་གི་མང་ཚོགས་ལ་ཕན་ཐོགས་པ་བྱེད་དགོས། གསོན་ཤུགས་ཆབ་མདོ་གཏོད་རྒྱུ་ནི་བསམ་བློའི་འཆིང་སྒྲོག་མེད་པ་བཟོ་བ་དང་།ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོར་སྐུལ་སློང་བྱེད་པ། ཆབ་མདོའི་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ། གསར་གཏོད་ཀྱི་འབྱུང་ཁུངས་མང་པོ་ཐོན་པ་དང་། ལས་གཏོད་ཀྱི་གསོན་ཤུགས་གང་ལེགས་འཕེལ་བ་བྱས་ནས།དཔའ་ངར་ཆེར་བསྐྱེད་ཀྱི་སྐྱེ་སྟོབས་དེ“ལྔ་གཏོད་ཆབ་མདོར”སྒུལ་ཤུགས་བསྣན་རྒྱུ་དེ་ཡིན་པ་རེད།

གསོན་ཤུགས་ཆབ་མདོ་གཏོད་དགོས་ན།ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ།ས་མཐོའི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”རྣམ་གྲངས་དོན་འཁྱོལ་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས།

“གལ་ཆེན་གཉིས”དང“རྣམ་གསར་གཉིས”ལ་དམ་འཛིན་ཡག་པོ་བྱེད་པ་དང་།“དྲ་ཚིགས་དྲུག”འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ། རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ཀྱི་འགན་ལེན་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་རྣམ་གྲངས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།

གསོན་ཤུགས་ཆབ་མདོ་གཏོད་དགོས་ན། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ་དང་། ས་ཁོངས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། རང་འགུལ་ངང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་འབྲེལ་མཐུད་བྱས་ཏེ། ཁ་གཏད་བོད་སྐྱོར་གྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་།ཐོན་ལས་བོད་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་ནས། བོད་སྐྱོར་མ་དངུལ་དང་། རྣམ་གྲངས།ཤེས་ལྡན་མི་སྣ་བཅས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

གསོན་ཤུགས་ཆབ་མདོ་གཏོད་དགོས་ན། དམངས་འཚོ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་བཅོལ། ལས་ཞུགས་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ།མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གཉེར་དགོས་མཁོ་འགན་ལེན་དང་། མང་ཚོགས་ཀྱི་སྨན་བཅོས་བློ་བདེ་སྲུང་སྐྱོང་། མང་ཚོགས་ཀྱི་འཚོ་བའི་འགན་ལེན་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཆབ་མདོ་འདི་ཉིད་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་འགྱུར་བ་བྱེད་དགོས།

གསོན་ཤུགས་ཆབ་མདོ་གཏོད་དགོས་ན། གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་དར་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་ཏེ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆར་ཁ་གསབ་བྱེད་ནས། ས་མཐོའི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ས་མཐོའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་དགོས། ས་མཐོའི་འཆམ་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས། ཞིང་པའི་སྡོད་ཁང་གི་ཡོམ་འགོག་དང་། ཆུ་མཁོ་འདོན། གསོ་རླུང་དང་དྲོད་རླངས་མཁོ་འདོན་སོགས་དམངས་འཚོའི་ལས་གཞི་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ། ཆབ་མདོ་འདི་ཉིད་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་མཉམ་སྐྱོད་དང་། གནས་འཕྲོད་ལས་འཚམ་གྱི་བདེ་སྐྱིད་ལྡན་པའི་གཤིན་ས་ཞིག་ཏུ་འགྱུར་བ་བྱེད་དགོས།