国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月27日

ཀྲང་ལི་ཡིས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་སུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་22ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་སུ་ཕེབས་ནས་གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

ལྟ་སྐུལ་ཞིབ་བཤེར་ཁང་གཉིས་པ་དང་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་སོགས་པུའུ་དང་ཁང་དུ། ཀྲང་ལི་ཡིས་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས། ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་སོགས་ཀྱི་ལས་དོན་དང་དེ་བཞིན་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་གཏོང་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་མ་ཟད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་འཐབ་ས་དང་པོར་ཡུན་རིང་འབད་འཐབ་བྱེད་མཁན་ལས་བྱེད་ལས་བཟོར་འཚམས་འདྲི་ཡང་གནང་བ་རེད།

ཀྲང་ལི་ཡིས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ནམ་ཡང་ལམ་དུ་ཡོད་པའི་བློ་བརྟན་འགྱུར་མེད་དང་། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་ཀྱི་ཐོག་ནས་ཆབ་མདོའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་ཞེས་དང་།

ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་གྱི་ཆབ་སྲིད་ཀྱི་ངོ་བོ་ཁོང་དུ་བརྟན་པོར་ཆུད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གང་དུ་སླེབས་ན་ཆབ་སྲིད་ཀྱི་ལྟ་སྐུལ་དེ་རུ་རྗེས་སྙེག་ཐུབ་པ་མཐའ་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།

རུལ་རྒོལ་ངན་གཅོད་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཚན་ཁག་མཉམ་འགུལ་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “སྤྱོད་གཙང་ལྔ་མཉམ་འཛིན”གྱི་བླང་བྱ་དོན་འཁྱོལ་བྱེད་པ། རང་འགུལ་ངང་སྤྱོད་གཙང་གཏོད་རྒྱུར་སྐུལ་འདེད་གཏོང་བ། བཀག་རྒྱ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ། དུས་འཁོར་ཧྲིལ་པོའི་དོ་དམ་བྱེད་སྟངས་སྤྱད་དེ“རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། “རྣམ་པ་བཞི”གནད་ལ་འཁེལ་བར་སྤྱད་དེ། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་སྐུལ་སློང་གང་ཐུབ་བྱེད་དགོས།

སྤྱོད་གཙང་སྒྲིག་ནན་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གྲོང་ཚོ(སྡེ་ཁུལ)དང་དགོན་སྡེ་དོ་དམ་ཨུ་ལྷན་ཏང་རྩ་འཛུགས་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སྣུར་སྲིང་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་རྒྱུར་གཞོགས་འདེགས་བྱེད་པ་བཅས་བྱས་ཏེ། གནད་སྨིན་ལྟ་སྐུལ་ལ་བརྟེན་ནས་དམངས་འཚོའི་བདེ་རྩ་སྲུང་སྐྱོང་བྱེད་དགོས།

རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། “འགྱུར་བ་ཅན་གསུམ”འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རང་ཚུགས་ཟིན་པ་དང་། འཇོན་ཐང་ཆེ་བ། ཀུན་སྤྱོད་གཙང་བ་བཅས་དངོས་འབྲེལ་ཐུབ་པ་བྱེད་ཅིང་། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འཇོན་ནུས་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་གཙང་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་དཔུང་སྡེ་ཞིག་ཧུར་ཐག་གཏོད་དགོས་པ་བཅས་ཀྱི་ནན་གསུང་གནང་བ་རེད།

ཅ་ཞིན་ཡུས་དང་ཝང་ཧྲི་ཡུས་བརྟག་ཞིབ་ནང་མཉམ་ཞུགས་བྱས་པ་རེད།