国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月27日

ཆབ་མདོ་ཡིས་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བའི་གཙོ་དོན་ལྟ་སྐོར་བྱེད་སྒོ་སྤེལ་བ།

སློབ་གྲོགས་ཚོས་གསར་བརྗེའི་སློབ་གསོ་རྟེན་གཞིར་འགྲེལ་བཤད་ཉན་པ་དང་རྒྱང་སྐྱོད་སྙིང་སྟོབས་རྟོགས་པ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་པ་རེད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།འདི་ལོ་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བའི་ལོ་ཞིག་ཡིན། གསར་བརྗེའི་སྔོན་རབས་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་ལ་རྗེས་དྲན་ཟབ་མོ་ཞུ་བ་དང་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱ་ཆེད།ཟླ་10ཚེས་22ཉིན།རང་རེའི་གྲོང་ཁྱེར་གྱི་ལས་ཁུངས་ཀྱི་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་གི་འཐུས་མི་རྣམས་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུཕེབས་ཏེ་གསར་བརྗེའི་སློབ་གསོའི་གཙོ་དོན་ལྟ་སྐོར་བྱེད་སྒོ་སྤེལ་བ་རེད།

གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ། ལྟ་སྐོར་བས་གོ་རིམ་ལྡན་པའི་ངང་ལྟ་སྦྱོང་བྱས་པ་དང་། འགྲེལ་བཤད་ལ་ནན་ཏན་ངང་ཉན་པ།གསར་བརྗེའི་སྔོན་བྱོན་པས་རི་ཀླུང་བརྒལ་བ་དང་དཀའ་ཉེན་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་ལོ་ཟླར་བསྐྱར་དྲན་བྱེད་པ།རྒྱང་སྐྱོད་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་ལ་མྱོང་ཚོར་གཏིང་ཟབ་བྱེད་པ།ལོ་རྒྱུས་ལ་ཕྱིར་དྲན་བྱེད་རིང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཁྲོད་སྟོབས་ཤུགས་བསྡུ་ལེན་བཅས་བྱས་པ་རེད།

གྲོང་ཨུད་དྲིལ་བསྒྲགས་པུའི“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”སློབ་སྦྱོང་འཕྲིན་སྟེགས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན། མ་ཤུས་ཀོང་གིས། གོམ་སྟབས་རྗེས་མར། ང་ཚོས་ཆབ་མདོའི་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་གཏོང་བ་དང་། དྲིལ་བསྒྲགས་ཀྱི་གཞི་རྟེན་གསར་གཏོད་བྱེད་པ། རྒྱང་སྐྱོད་ཀྱི་གཏམ་རྒྱུད་དང་ཆབ་མདོའི་གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ། གསར་བརྗེའི་སྙིང་སྟོབས་དེ་དྲིལ་བསྒྲགས་ལས་དོན་གྱི་སྒུལ་ཤུགས་སུ་སྒྱུར་བ། གསར་བརྗེའི་རིག་གནས་བརྒྱུད་སྤེལ་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་ཡིན་ཞེས་བཤད་ཡོད།

གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཕྱོགས་བསྡུས་གཞུང་ལས་ཁང་གི་ལས་བྱེད་པ་བསོད་ནམས་ལྷ་མོས། རྗེས་སུ་ངས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ། ད་ཐེངས་ཀྱི་ལྟ་སྐོར་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་སྒུལ་ཤུགས་སུ་སྒྱུར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ། གསར་བརྗེའི་སྙིང་སྟོབས་དེ་འགན་སྒྲུབ་ཀྱི་ལག་ལེན་ཁྲོད་དོན་འཁྱོལ་བཅས་བྱས་ནས། ཆབ་མདོའི་འཕེལ་རྒྱས་དོན་དུ་རང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད།

ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་ཀྲེན་ཀྲང་གཞོན་པ། བསྟན་འཛིན་ལྷུན་གྲུབ་ཀྱིས་ང་ཚོ་གསར་བརྗེའི་རིག་གནས་ཕུན་སུམ་ཚོགས་པའི་ཆབ་མདོར་སྐྱེས་ཡོད་པས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་རེད། སླད་ཕྱིན་ངས་མྱོང་ཚོར་དེ་ལས་སྒྲུབ་སྒུལ་ཤུགས་སུ་འགྱུར་བ་བྱས་ཏེ། ས་མཐོར་གཞི་ཚུགས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། གཞི་རིམ་བཅོས་སྐྱོང་དང་དམངས་འཚོའི་ཞབས་ཞུ་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ་ཡིན་ཞེས་བཤད་ཡོད།

ད་ཐེངས་ཀྱི་ལྟ་སྐོར་སློབ་སྦྱོང་ནི་ལོ་རྒྱུས་ཀྱི་དྲན་གསོ་ཟབ་མོ་ཞིག་ཡིན་ལ། གསོན་ཉམས་ལྡན་པའི་ལག་ལེན་སློབ་གསོ་ཞིག་ཀྱང་ཡིན། བྱེད་སྒོ་ཡིས་གསར་བརྗེའི་ལོ་རྒྱུས་དེ་དཔེ་དེབ་ནས་དོན་དངོས་ཀྱི་ཕྱོགས་སུ་བསྐྱོད་དེ། རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་མྱོང་ཚོར་ཐུབ་པ་དང་མི་སེམས་སུ་འཇགས་པ་བྱས་ཏེ། གསར་བརྗེའི་རིག་གནས་རྒྱུན་འཛིན་དེ་གྲོང་ཁྱེར་འཕེལ་རྒྱས་དང་། རིག་གནས་ཡུལ་སྐོར་ཐོན་ལས། གཞོན་ནུ་ལོ་ཆུང་གི་སློབ་གསོ་བཅས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས། གསར་བརྗེའི་ཁྲག་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་རེད།

གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་མི་དོན་ཚན་ཁག་གི་ལས་དོན་པ་ཧའོ་ཅང་ཕིང་གིས། གོམ་སྟབས་རྗེས་མར། ངས་ད་ཐེངས་ཀྱི་ལྟ་སྐོར་སློབ་སྦྱོང་གི་མྱོང་ཚོར་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་འགྱུར་བ་བྱས་ཏེ། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རིག་གནས་ཡུལ་སྐོར་གྱི་ལས་གནས་ལ་གཞི་ཚུགས་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ། གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་དེ་བས་ངར་ཤུགས་འཕེལ་བའི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ནུས་ཤུགས་ཡོད་རྒུས་སྐྱོད་རྒྱུ་ཡིན་ཞེས་བཤད་ཡོད།

ཆབ་མདོ་སློབ་ཆུང་དང་པོའི་སློབ་མ་ལིན་ཙི་ཞོན་གྱིས། སྐེ་དཀྲིས་དམར་པོའི་འགྲེལ་བཤད་པའི་ངོས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་བརྗོད་ཐུབ་པས་ང་རང་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་། སྔོན་གཤེགས་དཔའ་བོ་ཚོས་འབད་འཐབ་ལྷོད་མེད་བྱས་པ་ལས་ང་ཚོའི་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་འདི་བྱུང་བ་རེད། ངས་གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། རྒྱང་སྐྱོད་ཀྱི་གཏམ་རྒྱུད་དང་ཆབ་མདོའི་གཏམ་རྒྱུད་ཤོད་པ། ཏང་གི་བཀའ་དྲིན་དྲན་པ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་གསར་པའི་ལོ་ཆུང་ཡག་པོ་ཞིག་ཏུ་ཆགས་པ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

ད་ཐེངས་ཀྱི་གཙོ་དོན་ལྟ་སྐོར་བྱེད་སྒོ་ཡིས་ལས་བྱེད་པ་དང་མང་ཚོགས་ཀྱི་ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད། གོམ་སྟབས་རྗེས་མར། རང་རེའི་གྲོང་ཁྱེར་གྱིས་གསར་བརྗེའི་ཐོན་ཁུངས་རྒྱུན་མཐུད་ངང་ཡག་པོ་སྤྱད་དེ། གསར་བརྗེའི་སློབ་གསོ་དང་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་རྒྱུན་དུ་སྤེལ་ནས་ལས་ཁུངས་དང་། སློབ་གྲྭ། གཞི་རིམ་བཅས་སུ་གསར་བརྗེའི་རིག་གནས་ཁྱབ་གདལ་གཏོང་བ་དང་། ལས་བྱེད་མང་ཚོགས་དང་གཞོན་ནུ་ལོ་ཆུང་ལ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ལས་གནས་ལ་གཞི་ཚུགས་པ། འགན་འཁྲི་འཁུར་བ་བཅས་བྱས་ཏེ། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།