国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月27日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆབ་མདོར་ཁྲིམས་འཛུགས་བརྟག་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་10ཚེས་24ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆབ་མདོར་ཁྲིམས་འཛུགས་བརྟག་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ།རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྤེན་པ་ལྷ་མོ་བཞུགས་མོལ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཉི་མ་སྒྲོལ་དཀར་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱི་གཞོན་པ་ཕང་ཡུས་གོ་ཚོགས་འདུར་ཞུགས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི་གཞོན་པ་ཀན་ཡུས་ཚོགས་འདུར་ཕེབས་ཡོད་པ་རེད།

སྤེན་པ་ལྷ་མོ་ཡིས། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བསམ་བློའི་ངོས་འཛིན་མུ་མཐུད་མཐོ་རུ་བཏང་ནས།ཐོ་འགོད་ཞིབ་བཤེར་ལས་དོན་གྱིས་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་དང་། སྲིད་འཛིན་བྱ་སྤྱོད་ཚད་ལྡན། མང་ཚོགས་ཀྱི་ཁེ་དབང་འགན་ལེན་བཅས་བྱེད་པའི་ནུས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། ཁྱོན་ཡོངས་ལ་ཁྱབ་པའི་བརྟག་ཞིབ་ཏན་ཏིག་བྱས་ཏེ།ཁོངས་གཏོགས་ཁུལ་གྱི་ཐོ་འགོད་སྙན་སེང་དང་ཞིབ་བཤེར་ལས་དོན་གྱི་མ་གྲངས་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་སྒོའི་གསོ་སྦྱོང་བྱས་ཏེ།ཉམས་སད་ཐེག་ཐུབ་པའི་ལས་ཀའི་དཔུང་ཁག་སྦྱོང་བརྡར་བྱས་ནས་ལས་དོན་མི་སྣའི་ཆེད་ལས་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས།གོང་འོག་རིམ་པ་དང་སྡེ་ཚན་ཁག་དབར་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས།ཐོ་འགོད་ཞིབ་བཤེར་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐོ་འགོད་ཞིབ་བཤེར་ལས་དོན་གྱི་བྱེད་པོའི་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ཏེ།ད་ཐེངས་ཀྱི་ཁྲིམས་འཛུགས་བརྟག་ཞིབ་གོ་སྐབས་སུ་བཟུང་ནས།བརྟག་ཞིབ་ཚོགས་ཆུང་གི་བསམ་འཆར་དང་གྲོས་འགོ་ཁག་ལ་འབྲེལ་མཐུད་གནད་སྨིན་བྱེད་པ་དང་།ཆབ་མདོའི་དོན་དངོས་ལ་ཟུང་འབྲེལ་བྱེད་པ།བརྟག་ཞིབ་ཚོགས་ཆུང་གི་མཛུབ་ཁྲིད་བསམ་འཆར་དེ་ལས་དོན་ལེགས་སུ་གཏོང་བའི་ཞིབ་ཕྲའི་ཕན་འབྲས་སུ་ཏན་ཏིག་གཏོང་བ། བྱ་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ནས་ཆབ་མདོའི་ཐོ་འགོད་ཞིབ་བཤེར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།