国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月27日

“བརྟན་ལྷིང་འགན་སྲུང”ནས“དུས་བདེ་འཛུགས་སྐྱོང”གི་བར་དུ་དུས་བདེའི་ཆབ་མདོ་འབད་པས་སྐྱོང་དགོས།

—ཆབ་མདོ་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུའི་སྐོར་གླེང་བ་ལས་ཁག་གཉིས་པ།

ཆབ་མདོ་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་གསལ་པོར་བཏོན་དོན།“དུས་བདེའི་ཆབ་མདོ་འབད་པས་བསྐྱངས་ཏེ།བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཐོག་འཁུར་སེམས་གསར་པ་དང་བྱས་རྗེས་གསར་པ་མངོན་དགོས”ཞེས་པ་འདི་ལས་བརྟན་ལྷིང་གི་ལས་དོན་ནི་མ་སྒྲུབ་ཐབས་མེད་ཅིག་ནས་རང་འགུལ་གྱིས་སྒྲུབ་པའི་ཕྱོགས་སུ་དང་།བརྟན་ལྷིང་འབའ་ཞིག་ནས་ཕྱོགས་ཀུན་བཅོས་སྐྱོང་གི་ཕྱོགས་སུ་འཕོ་འགྱུར་བྱུང་བ་མཚོན་གྱི་ཡོད།འདི་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་རང་རྟོགས་ཤིག་ཡིན་ལ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པའི་ལག་ལེན་གྱི་ཐབས་ལམ་ཞིག་ཡིན།སྒོས་སུ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “གཏོད་དགོས་པ་གསུམ”སྤྱིའི་ངེས་གནས་གཞི་རྩར་འཛིན་པ།“མདུན་གྲལ་དུ་བསླེབས་པ་བཞིར”སྐུལ་སྤེལ་གཏོང་བ། “ལྔ་གཏོད་ཆབ་མདོ”སྐྲུན་པ་སོགས་ཀྱི་གཞི་གདན་ཀྱང་ཡིན།ཆབ་སྲིད་ཞོད་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ནི་དུས་བདེ་ཆབ་མདོའི་ཉིང་དགོས་ཡིན་ལ། མི་རིགས་མཐུན་སྒྲིལ་ནི་ཡུན་རིང་བདེ་འཁོད་ཡོང་བའི་གཏིང་ཕུགས་ཀྱི་སྟོབས་ཤུགས་ཡིན་པས།ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་ནི་ཆབ་སྲིད་ཀྱི་འོས་འགན་ཨང་དང་པོར་བརྩིས་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བསྐྱེད་པ་དང་། ནམ་ཞར་རྒྱུན་དུ་གཞི་རིམ་ནས་བརྟན་ལྷིང་སྐྱོང་དགོས་ཤིང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོ་ཡོད་དོ་ཅོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས།ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གྱི་དར་ཆེན་མཐོན་པོར་བསྒྲེངས་ཏེ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་རྒྱུ་གཙོ་བོར་འཛིན་ནས། མི་རིགས་མཐུན་སྒྲིལ་གྱི་ཞིང་སར་དུས་བདེ་ཆབ་མདོའི་རྩ་བ་ཚུགས་པར་བྱ་དགོས།

སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ནི་དུས་བདེ་ཆབ་མདོའི་འདེགས་སྐྱོར་སྲ་བརྟན་ཞིག་ཡིན་ལ།ཆོས་ལུགས་ཞི་མཐུན་ནི་རང་འབྱོར་གྱི་བླང་བྱ་ཞིག་ཡིན་པས། ཁྲིམས་འཛུགས་ཡང་དག་དང་ཁྲིམས་བསྟར་ནན་ཏུར། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཁྲིམས་སྲུང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་མཐུད་གོང་མཐོར་གཏོང་དགོས་པ་དང་།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྒོ་ཀུན་ནས་སྐུལ་སྤེལ་གཏོང་བ་དང་ཆོས་ལུགས་ལས་དོན་གཉེར་ཐབས་ཁྲིམས་སྐྱོང་ཅན་དུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་ལྟར།སྤྱི་ཚོགས་བཅོས་སྐྱོང་དང་ཆོས་ལུགས་ཞི་མཐུན་གཉིས་གཅིག་གྲོགས་གཅིག་ཕན་དང་གཅིག་རྒྱན་གཅིག་ཏུ་ཤར་བར་བྱ་དགོས།

མཐའ་སྟོབས་མཐའ་བརྟན་ནི་ཆབ་མདོའི་འགན་འཁྲི་ཁྱད་དུ་འཕགས་པ་ཞིག་ཡིན་ལ། རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་གཏིང་ཚུགས་པ་ཞིག་ཡིན་པས།མཐའ་དམག་དང་དམངས་བདེ་མཉམ་འཛིན།མཐའ་སྲུང་དང་མཐའ་དར་གལ་ཆེ་མཉམ་འཛིན་གྱིས་བོད་ཀྱི་མཐའ་མཚམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་གཏིང་ཚུགས་པ་ཞིག་དང་རྒྱལ་ཁབ་ཀྱི་རྒྱབ་གནོན་ཁུར་དུ་བཟོད་པའི་འདེགས་སྐྱོར་འགངས་ཆེན་ཞིག་བྱ་དགོས། “མཉམ་ལྔ་བརྟན་ལྔ”སོགས་དམག་བཀུར་ཁྱིམ་སྐྱོང་གི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། མཐའ་སྟོབས་མཐའ་བརྟན་གྱི་ཕན་འབྲས་བོགས་བསྐྱེད་ཐོག་ནས་དུས་བདེའི་ཆབ་མདོ་རྒོལ་དུ་མི་ཚུགས་པའི་མཁར་རྫོང་བརྟན་པོར་བརྩིག་དགོས།