《ཆབ་མདོ་ཚགས་པར》ཐོག《 བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཐུབ་པ་བྱས་ནས་བློ་དཀར་གྱི་ཆབ་མདོ་གཏོད་དགོས་པ་སྟེ། ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ》ཞེས་པ་གཙོ་དོན་གྱི་དཔྱད་གཏམ་སྤེལ་བ་རེད།
རྩོམ་ཡིག་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ལ་བློ་སེམས་དཀར་བ་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་ཨང་དང་པོ་ཡིན”ཞེས་བསྟན་གནང་ཡོད། གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པས་“ལོ་ལྔ་ཚན་བཅོ་ལྔ་པའི”ཕྱོགས་མཚམས་གསར་པ་དང་གནས་ཚད་གསར་པར་གཞི་ཚུགས་ཏེ“དོན་ཆེན་བཞི”ལ་དམིགས་ནས་ཚན་རིག་དང་མཐུན་པའི་ངང“ལྔ་གཏོད་ཆབ་མདོ་”བསྐྲུན་པའི་དམིགས་ཚད་ལས་འགན་གསལ་པོ་བཏོན་ཡོད་ལ། ཆབ་མདོར་ལྷག་བསམ་རྣམ་དག་བྱ་རྒྱུ་ཨང་དང་པོར་བཞག་པ་དེ་ནི་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་ཚད་བསྡུར་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ཐོག་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ཞིག་བརྩམ་རྒྱུ་དེ་རེད་ཅེས་བསྟན་འདུག
རྩོམ་ཡིག་ནང་། ཆབ་མདོ་ནི་བོད་ལ་སྐར་ལྔའི་དར་དམར་ཐོག་མ་དེ་སྒྲེང་ཡུལ་ཡིན། དུས་ཡུན་ལོ་76རིང་། མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིས“བློ་སྟོབས་བརྟན་པོའི་ངང་ཏང་གི་རྗེས་སུ་འབྲངས་ཏེ་ཤི་ཡང་འགྱོད་པ་མེད་པའི”སྒོ་ནས་བོད་ཤར་རྒྱུད་ས་མཐོར་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བསྐྲུན་ཡོད་ལ།བློ་དཀར་གྱི་སྒོ་ནས་ས་ཆ་འདི་ལ་མཉམ་འདྲེས་གཏིང་ཟབ་བྱས་པ་ནི་ཆབ་སྲིད་ཀྱི་རྨང་གཞི་བརྟན་ཤོས་དང་མངོན་གསལ་དོད་ཤོས་ཀྱི་བསམ་པའི་མཚོན་རྟགས་སུ་གྱུར་ཡོད།བློ་དཀར་གྱི་ཆབ་མདོར་བསྐྲུན་པ་ནི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་ཞིག་ཡིན་ལ།“རྒྱལ་ཁབ་ཆེན་པོར”དུས་རབས་ཀྱི་ལན་ཡག་ཤོས་འདེབས་པ་ཞིག་ཀྱང་རེད།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཆབ་མདོར་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་འཕྲད་ཡོད་ལ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱང་འཕྲད་ཡོད།བློ་དཀར་གྱི་རྩ་བ་བརྟན་པོ་ཚུགས་ན་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་གཞི་ནས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་ཐུབ་པ་དང་ནུས་ཤུགས་གཅིག་ཏུ་སྒྲིལ་ཐུབ། བློ་དཀར་ཆབ་མདོས་སྣེ་ཁྲིད་བྱས་ན་གཞི་ནས་དུས་བདེའི་ཆབ་མདོ་དང་།གསོན་ཤུགས་ཀྱི་ཆབ་མདོ།རིག་གནས་ཆབ་མདོ། མཛེས་སྡུག་གི་ཆབ་མདོ་བཅས་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་འདིང་བ་དང་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་བྱ་གཞག་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་བརྟན་པོའི་ངང་རྒྱང་རིང་དུ་བསྐྱོད་ཐུབ་པ་ཡིན།
བློ་དཀར་ཆབ་མདོའི་ཆེས་རྩ་བ་ནི“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ “གདེང་ཚོད་བཞི”བརྟན་དུ་གཏོང་བ“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།ཆབ་སྲིད་ཀྱི་གོ་རྟོགས་ནུས་པ།ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་།ཆབ་སྲིད།བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།
བློ་དཀར་གྱི་ཆབ་མདོ་བསྐྲུན་པའི་འགག་རྩ་ནི་དངོས་སྒྲུབ་དང་དངོས་སུ་ལག་ལེན་བསྟར་རྒྱུར་ཐུག་ཡོད།གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ལག་བསྟར་མཁན་དང་།བྱ་སྤྱོད་སྤེལ་མཁན།དངོས་སྒྲུབ་པ་བཅས་ཡག་པོ་བྱེད་ཅིང་།ཆབ་སྲིད་ཐད་ཚད་གཞི་དང་རེའུ་མིག་ལ་བསྡུར་བ་དང་།བསམ་བློའི་ཐད་ལྷག་བསམ་རྣམ་དག་བྱེད་པ།བྱ་སྤྱོད་ཐད་བློ་བརྟན་འགྱུར་མེད་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་ཆབ་མདོར་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་པ་བྱེད་དགོས་ཞེས་བསྟན་འདུག
རྩོམ་ཡིག་ནང་མཇུག་མཐར་བསྟན་དོན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གཙང་གསུམ་ས་གཞི་ཆེ་མོ་བརྗིད་ཆགས་མཛེས་སྡུག་ལྡན། “ལྔ་གཏོད་ཆབ་མདོའི”མཛེས་རིས་བཀོད་པ་དང་།བོད་ཤར་རྒྱུད་ཀྱི་བུ་ཕྲུག་ཚང་མ་ཞུགས་མཁན་དང་ཕུགས་འདུན་སྒྲུབ་མཁན་ཤ་སྟག་རེད།ང་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་བཀའ་དྲིན་ཚོར་བའི་སྤྲོ་སྣང་དང་འབད་འབུངས་མདུན་སྐྱོད་ཀྱིས་ལྷག་བསམ་རྣམ་དག་ངང་རང་གནས་ཐོག་འགན་སྒྲུབ་གང་ལེགས་བྱས་ཏེ་ཏང་དང་།མི་དམངས དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་གཏོད་དགོས།

