国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月23日

གྲོང་ཚོའི་ནང་དུ་རྐང་གྲུག་འགྲན་བརྡ་ལྷང་ལྷང་གྲགས།

ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་སྐོར་བཀོད་པ།

གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་མོང་ཅིན་གྱིས་ཁ་པར་ཐོག་ནས་ལས་དོན་སྤེལ་ཞོར་དུ་ཟིན་བྲིས་དང་བསྡུར་ནས་འབྲེལ་ཡོད་ཆ་འཕྲིན་གསེད་བཀྲོལ་བྱས་པ། ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོ་ནི་རྒྱལ་ལམ་317གྱི་ཉེ་འགྲམ་དུ་གནས་པས། མཉམ་སྡེབ་དཔལ་འབྱོར་ཕྱོགས་སྒྱུར་བྱེད་པའི་ཆ་རྐྱེན་ཡག་པོ་འཛོམས་ཡོད་པ་རེད། གྲོང་ཚོར་བཅའ་སྡོད་ཀྱི་ཧྲུའུ་ཅི་དང་པོ་མོང་ཅིན་གྱིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཤན་འབྱེད་པའི་ཐོབ་ཐང་ཐོབ་ནས་ལོ་བཅུའི་རྗེས་སུ་སླར་ཡང་རུ་བཞི་ཤང་གི་ཚུན་གྲུག་རྟགས་མའི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་སྐབས་དང་པོར་ཤན་འབྱེད་པའི་འགན་བཞེས་པ་རེད། གྲོང་ཚོའི་ནང་གི་རྐང་རྩེད་སྤོ་ལོ་རྒྱག་མཁན་གཞོན་ནུ་རྣམས་རླུང་ལྟར་མྱུར་དུ་རྒྱུག་ཐུབ་པས། མོང་ཅིན་གྱིས་སྔ་དུས་ཕུགས་འདུན་དོན་གཉེར་བྱེད་མཁན་གྱི་རང་ཉིད་སླར་ཡང་དྲན་གསོས་པ་རེད། ལོ་བཅུའི་རིང་ལ་གཞུང་ལས་ཁང་གི་ལས་ཀ་བྱས་རྗེས་གྲོང་སྡོད་ཧྲུའུ་ཅི་དང་པོ་ཡིན་པའི་ཁོ་མོ་ཡིས་སླར་ཡང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཤན་འབྱེད་པའི་འགན་འཁྲི་བཞེས་པ་རེད། ལུས་རྩལ་གྱི་ལས་དབང་གིས་ཁོ་མོའི་འདྲེན་བྱེད་དབང་པོར་འོད་སྣང་སྦྱིན་མོད། འོན་ཀྱང་དངོས་ཡོད་ཀྱི་འཚོ་བ་ཡིས་ཁོ་མོར་ཐུགས་བསམ་ཟབ་མོ་བཞེས་དགོས་པའི་དྲན་སྐུལ་ཞུས་པ་རེད། མདའ་རོ་གྲོང་ཚོ་རྒྱལ་ལམ་317གྱི་ཉེ་འགྲམ་དུ་གནས་པས། མཉམ་སྡེབ་དཔལ་འབྱོར་ཕྱོགས་སྒྱུར་བྱེད་པར་ཆ་རྐྱེན་ཡག་པོ་འཛོམས་ཡོད་པ་རེད། ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་མོང་ཅིན་གྱིས་ང་ཚོ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གསོག་པའི་ཐབས་ལམ་ཅུང་ཞན་པོ་ཡིན་པ་རེད། ན་ནིང་ང་ཚོའི་ཕྲུ་གུ་རྣམས་གྲོང་མི་ཨུ་ཡོན་ལྷན་ཁང་དུ་ཡོང་ནས་ཁོང་ཚོ་ལ་སྤོ་ལོའི་འགྲན་སྡུར་ཞིག་གཉེར་རོགས་བྱེད་ཐུབ་བམ་ཞེས་བཤད་བྱུང་། དེ་དུས་ངས་གྲོང་ཚོར་བཅའ་སྡོད་བྱ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས་ཚུན་གྲུག་རྟགས་མའི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཞིག་གཉེར་ཐུབ་མིན་ལ་ཚོད་ལྟ་བྱ་སྙིང་འདོད་བྱུང་ཞེས་བཤད། ཁ་རུབ་ཆུས་རུ་བཞི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཁྲེན་ཕུང་གིས་ན་ནིང་ང་ཚོའི་ཧྲུའུ་ཅི་མོང་ལགས་ཀྱིས་གྲོས་འགོ་བཏོན་པའི་འོག ང་ཚོས་རུ་བཞི་ཤང་གི་ཚུན་གྲུག་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་སྐབས་དང་པོ་གཉེར་ཐུབ་པ་བྱུང་། འགྲན་སྡུར་བྱ་ཡུལ་དུ་ཧ་ཅང་འཁྲུག་ཆ་ཆེན་པོ་འདུག་ཅེས་བཤད། ཤང་དང་འབྲེལ་གཏུག་དང་གྲོས་བསྡུར་བྱས་པ་བརྒྱུད། ན་ནིང་སྤྱི་ཟླ་8པར། རུ་བཞི་ཤང་གི་ཚུན་གྲུག་རྟགས་མའི་གྲོང་ཚོའི་རྐང་རྩེད་སྤོ་ལོ་འགྲན་སྡུར་སྐབས་དང་པོ་སྤེལ་འགོ་ཚུགས་ཤིང་། གྲོང་ཚོ་དགུ་ཚང་མ་འགྲན་སྡུར་ནང་ཞུགས་ཡོད་པ་རེད། ད་རེས་འགྲན་སྡུར་ཡག་པོ་སྤེལ་ཐུབ་པ་ནི་ཧྲུའུ་ཅི་མོང་ལགས་ཀྱིས་རྐང་རྩེད་སྤོ་ལོའི་གྲོང་ཚོ་གཏོད་པའི་བསམ་ཚུལ་ཡོད་པས་རེད། རྒྱབ་ཕྱོགས་ནི་གཏན་འཇགས་ཀྱི་ཡོང་ཁུངས་ཡིན་ལ། མདུན་ཕྱོགས་ནི་ངེས་གཏན་མེད་པའི་གྱེན་གཟར་ཞིག་ཡིན། ད་ལོ་རང་ལོ་28ལ་སླེབས་པའི་རང་ཉིད་ཀྱི་ངོས་ནས་བཤད་ན་མ་གྲུབ་པའི་ཕུགས་བསམ་གཅིག་ལོ་བཅུ་བཞག་རྗེས་སླར་ཡང་སྒྲུག་ཕོད་ཀྱི་ཡོད་དམ།