འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་དང་རང་ངོས་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་ཆེད། ཟླ་10པའི་ཚེས་21ཉིན། གྲོང་ཁྱེར་ཁྲིམས་འཛིན་ཅུད་ཀྱིས་གྲོང་ཁྱེར་ཐད་གཏོགས་སྲིད་ཁྲིམས་ཚན་པ་དང་མཉམ་དུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་སོང་ནས། ནག་སེལ་གཤེད་བཅོམ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ཆེད་དོན་སྒྲོག་འགྲེལ་བྱས་པས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་3000ལྷག་ཙམ་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་སྒྲོག་འགྲེལ་ནང་ནག་གཤེད་དང་འབྲེལ་བ་ཡོད་པའི་ཉེས་གསོག་གི་དྲ་རྒྱ་ཅན་དང་། མི་མངོན་པ། ལོ་ན་ཆུང་བ་བཅས་ཀྱི་ཁྱད་ཆོས་གསར་པར་དམ་པོར་དམིགས་པ་དང་། ཆབ་མདོ་ས་གནས་དེ་གའི་སློབ་གྲྭའི་དཔེ་མཚོན་གྱོད་དཔེ་ལ་ཟུང་འབྲེལ་བྱས་ཏེ། གཞོན་ནུ་ལོ་ཆུང་གི་ཉེ་འགྲམ་དུ་ཐོན་མང་བའི་བདེ་འཇགས་ཀྱི་ཉེན་ཁར་དམིགས་ནས་གནད་སྨིན་སློབ་སྟོན་བྱས་ཏེ། རྒྱ་ཆེའི་སློབ་མར་ནག་གཤེད་ཀྱི་སྤྱོད་ཚུལ་ངན་པར་རང་རྟོགས་ངང་བཀག་འགོག་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་སྲུང་རྒྱུའི་ཁྲིད་སྟོན་བྱས་པ་རེད།
གྲོང་ཁྱེར་ཁྲིམས་འཛིན་ཅུད་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཚན་ཁག་གི་ལས་དོན་མི་སྣ། དཀོན་མཆོག་རྒྱལ་མཚན།
བསྡུས་དོན། ད་ཐེངས་ཀྱི་སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོས་སློབ་གྲྭའི་ནང་གི་བརྙས་བཅོས་དང་། དྲ་རྒྱའི་ནག་ཚོགས་ལ་འབྲེལ་བ་ཡོད་པ། ཚུལ་མིན་ཆ་འཕྲིན་སོགས་ན་སོ་དར་ལ་མ་བབས་པའི་མིར་ཉེན་ཁ་འཕྲད་སླ་བར་དམིགས་ཏེ། ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་གནད་འཁེལ་སྤེལ་ཏེ། རྒྱ་ཆེའི་སློབ་མར་བདེ་འཇགས་ཐད་དོ་གཟབ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་ཅེས་བཤད།
སྒྲོག་འགྲེལ་བྱས་ཚར་རྗེས། ལས་དོན་མི་སྣས་དགེ་སློབ་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་རྫས་སྣ་ཚོགས་7000ལྷག་ཙམ་སྤྲད་པ་དང་། དྲིལ་བསྒྲགས་དཔྱད་ཡིག་ལ་བརྟེན་ནས་རྨང་གཞིའི་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་བཏང་བ། ཉེན་འཕྲད་རོགས་སྐྱོབ་ཀྱི་ཐབས་ལམ་དང་ནག་གཤེད་ཁུངས་སྣེ་ཐེར་འདོན་བྱེད་སྟངས་ཐད་འགྲེལ་བཤད་བརྒྱབ་པ། ཁྲིམས་སྐྱོང་འདུ་ཤེས་མི་སེམས་སུ་འཇགས་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ནས། དགེ་སློབ་ཚོས་ཉེན་ཁ་དབྱེ་འབྱེད་དང་ཁྲིམས་འགལ་གྱི་གནོད་འཚེ་འགོག་པའི་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་རེད།
ད་ཐེངས་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་བཅའ་ཁྲིམས་ཁྱབ་གདལ་བཏང་བས། སློབ་གྲྭའི་མི་སྣ་གསོ་སྐྱོང་གི་ཁོར་ཡུག་སྔར་བས་གཙང་དུ་ཕྱིན་ཡོད། གོམ་སྟབས་རྗེས་མར། གྲོང་ཁྱེར་ཁྲིམས་འཛིན་ཅུད་ཀྱིས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། དུས་བདེའི་ཆབ་མདོ་དང་ཁྲིམས་སྐྱོང་ཆབ་མདོ་འཛུགས་སྐྲུན་བྱ་ཆེད་གཞི་རིམ་གྱི་ཁྲིམས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུ་རེད།

