国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月20日

དར་དམར་ཤར་ཕྱོགས་ཡུལ་དུ་གཡོ། གསར་བརྗེའི་སྙིང་སྟོབས་རྒྱང་སྐྱོད་ལམ་བུ་གསལ།

སྒྲིག་པ་པོའི་གཏམ།

འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོའི་གཙང་འགྲམ་གྱི་བྲག་རྡོའི་ངོས་ཀྱི་གྲུའི་རྗེས་ཤུལ་ལོ་ཟླ་རིང་མོའི་ནང་ཟུབ་ཟིན་འདུག་འོན་ཀྱང་སྤྱི་ལོ་1950ལོའི་ཟླ་བ་བཅུ་པའི་ནང་གི་གནས་ཚུལ་ཡིད་ལ་གསལ་ལྷང་མེར་འཆར་བཞིན་འདུག དམག་སྡེ་བཅོ་བརྒྱད་པས་ཀོ་གྲུར་ཞུགས་ནས་གཙང་ཆུ་གྲོལ་བའི་དུང་བརྡ་ཡིད་ལ་འཆར་བཞིན་འདུག་ལ་སྐར་ལྔའི་དར་དམར་ས་ཆ་འདིར་ཐོག་མ་ལྷབ་ལྷུབ་དུ་གཡོ་བར་བྱས་ཤིང་། ལོ་རྗེས་མར་《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་ཞི་བའི་བཅིངས་གྲོལ་གྱི་བྱ་ཐབས་གྲོས་མཐུན》དངོས་སུ་གཏན་འཁེལ་བྱས་ཡོད་པ་རེད། ལོ་75ནང་གྲུ་ཤུལ་ཡལ་ན་ཡང་དཔའ་བོའི་མཛད་རྗེས་སྔར་མུས་བཞིན་གངས་ལྗོངས་ས་མཐོར་གནས་ཡོད་པ་རེད། 2026ལོ་ནི་བོད་ལ་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་75འཁོར་བའི་ལོ་ཞིག་རེད་ལ་ཆབ་མདོའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཀྱང་རེད། ཆབ་མདོ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་འཁྲིད་སྟོན་དུ་བྱས་པ་དང་“དོན་ཆེན་བཞི་”ལ་དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞི་”ལ་སེམས་ཤུགས་གཅིག་ཏུ་སྒྲིལ་བ།“གཏོད་དགོས་པ་གསུམ”གྱི་སྤྱིའི་ངེས་གནས་བརྟན་དུ་གཏོང་བ།“མདུན་གྲལ་དུ་སྐྱོད་པ་བཞི”ལ་སྐུལ་འདེད་དང་ལྔ་གཏོད་ཆབ་མདོ་བཅས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དུས་རབས་གསར་པའི་ཆབ་མདོའི་ལེའུ་གསར་པ་གཏོད་རྒྱུ་ཡིན།

འདི་ག་ཚགས་པར་ཁང་གིས་ཆབ་མདོར་སྐྱོད་པ་ཞེས་པའི་ཆེད་སྒྲིག་ལེ་ཚན་བཟོས་ནས་། རྫོང་བཅུ་དང་ཆུས་གཅིག་ལ་སྐྱོད་ནས་ཆབ་མདོའི་མི་རིགས་ཁག་གི་བུ་ཕྲུག་ཚོའི་རྒྱུན་འཛིན་གྱི་སྙིང་སྟོབས་དང་ཁྱིམ་གཞིས་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ངོ་མཚར་བྱ་སྤྱོད་སོགས་མངོན་མཚོན་བྱས་ནས་ཐོག་མའི་བསམ་འདུན་གྱི་མེ་སྟག་རྒྱུད་སྤེལ་བྱེད་པ་དང་འགན་ཁྲི་ཕྲག་སྟེང་དུ་འཁུར་བའི་སྙིང་སྟོབ་མཚོན་པ་བྱ་རྒྱུ་ཡིན།

ཆབ་མདོའི་མཉམ་འདྲེས་སྨྱན་སྦྱོར་ཚན་པ།

ཆབ་མདོ་གྲོང་ཁྱེར་གྱིས་དམག་སྡེ་བཅོ་བརྒྱད་པ་ཞི་བདེའི་ངང་བོད་ལ་སྐྱོད་པ་དང་དམག་དམངས་ཉ་ཆུའི་བརྩེ་དུང་། ལམ་བཟོའི་རྒྱུད་རིམ་ནང་ཚེ་སྲོག་ཤོར་བ་། རོགས་སྐྲུན་ལེགས་སྐྱེས་ཀྱི་ལོ་རྒྱུས་བཅས་ལེགས་སྒྲིག་བྱས་ཐོག་བོད་སྐྱོད་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གནའ་ཤུལ་ཉམས་གསོ་དང་གཏམ་རྒྱུད་སྔོགས་འདོན། སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་ལས་གཞི་འཛུགས་སྐྲུན་བྱེད་པའི་གཞི་རྐང་སུ་འཛིན་ནས་སྐུལ་འདེད་གཏོང་རྒྱུ། 1950ལོར་རྒྱལ་མོ་དངུལ་ཆུ་བརྒལ་བ་དང་བོད་རིགས་མང་ཚོགས་ཀྱི་དམག་སྡེ་བཅོ་བརྒྱད་པར་རོགས་པ་བྱས་པའི་གནས་ཚུལ་སླར་གསོ་བྱས་ནས་བཅིངས་གྲོལ་ཐོག་མ་ཐོབ་པའི་བོད་ཀྱི་རྫོང་དང་པོའི་གསར་བརྗེའི་ལོ་རྒྱུས་ཀྱི་དྲན་འཆར་མངོན་མཚོན་ཐུབ་པ་དང་མཛོ་སྒང་རྫོང་བལ་ཐོག་ཤང་གི་དམག་སྡེ་བཅུ་བཞི་པའི་དཔའ་ངར་ཞུམ་མེད་ཀྱི་དམག་འཐབ་བྱས་རྗེས་

གཟུགས་བརྙན་ཅན་དུ་མངོན་པ་བྱས་ཐོག་དཔའ་བོའི་བྱས་རྗེས་འགྱུར་མེད་བརྟན་དུ་གནས་པ་གང་ཞིག་མྱོང་ཚོར་ཐུབ་པ་བྱེད་རྒྱུ།

ཆབ་མདོ་གྲོང་ཁྱེར་གྱིས་གནའ་ཤུལ་དང་དྲན་གསོ་ཁང་། དཔའ་བོའི་མིང་བྱང་དེ་བཞིན་གསར་བརྗེའི་གྲོང་ཚོའི་ལོ་རྒྱུས་གཅིག་བསྒྱུར་ཐོག་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོའི་མ་ལག་ནང་བཞག་ནས་གསར་བརྗེའི་ཐོན་ཁུངས་འགྲེམས་སྟོན་ཁང་ནང་འཇོག་པའི་རྣམ་པ་ལས་བརྒལ་ཏེ་རྒྱུན་འཛིན་ལམ་དུ་སྐྱོད་ཐུབ་པ་བྱེད་རྒྱུ།

ཆབ་མདོ་གྲོང་ཁྱེར་གྱིས་གསར་བརྗེའི་ཐོན་ཁུངས་དེ་ཁ་ཕྲལ་ལ་ངོ་རྒོལ་དང་ཁྲིམས་ལུགས་སྟོབས་ཆེར་གཏོང་རྒྱུ་དང་།མཐའ་སྲུང་སྲ་བརྟན། མཐུན་སྒྲིལ་ལ་སྐུལ་འདེད་བཅས་བྱེད་པའི་སློབ་གསོའི་བྱ་གཞག་ཞིག་ཏུ་འགྱུར་བ་བྱས་ནས་ལོ་རྒྱུས་ཀྱི་ཁྲིམས་མཐུན་རང་བཞིན་ལ་བརྟེན་ཐོག་བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་མེས་རྒྱལ་གྱི་མངའ་ཁོངས་ཡིན་པ་དང་བོད་ཀྱི་ལས་དོན་ནི་རྒྱལ་ཁབ་བརྟན་ལྷིང་ཡོང་བའི་གལ་ཆེའི་ལྷུག་ཚིག་ཞིག་ཡིན་པའི་ངོས་འཛིན་ཐུབ་པ་བྱས་ཐོག་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལས་ཁུངས་དང་སློབ་གྲྭ གྲོང་ཚོ།དགོན་སྡེ་ཁག་དང་ལས་གྲྭ་བཅས་ཚང་མའི་ནང་ཁྱབ་པ་བྱེད་རྒྱུ།

ལས་ཁུངས་ཁག་ནང་གསར་བརྗེའི་ལོ་རྒྱུས་སྒྲོག་སྦྱང་བྱེད་པ་ནས་དགོན་སྡེ་ཁག་ནང་སླེབ་ཐུབ་པ། སློབ་གྲྭ་ཁག་ནང་གསར་བརྗེའི་ལོ་རྒྱུས་སློབ་ཁྲིད་བྱེད་པ་ནས་ལས་གྲྭའི་ལས་ཡུལ་དངོས་སུ་སླེབ་ཐུབ་པ་བྱས་ཏེ་གསར་བརྫེའེ་ལོ་རྒྱུས་དེ་དམངས་སེམས་གཅིག་མཐུན་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་དགོས་ངེས་རང་བཞིན་གྱི་སློབ་གཞི་ཞིག་ལ་འགྱུར་བ་བྱས་ཐོག་ཁ་ཕྲལ་ལ་འཐབ་བརྩོད་དང་ཡུན་རིང་བདེ་འཁོད་ལ་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱེད་རྒྱུ་དང་དམངས་ཕྱུག་གཞི་རྩར་བཞག་ཐོག་གསར་བརྗེའི་ཐོན་ཁུངས་འཕེལ་རྒྱས་ཀྱི་ཕན་པ་ཐོན་གཞིར་འགྱུར་བ་བྱེད་རྒྱུ། ཆབ་མདོ་གྲོང་ཁྱེར་གྱིས་རྣམ་གྲངས་དང་ཐོན་ལས་གཙོ་གཞིར་བཟུང་བའི་བསམ་ཕྱོགས་མཐའ་འཁྱོངས་ཐོག་གསར་བརྗེའི་ཐོན་ཁུངས་དང་ཤང་གྲོང་དར་རྒྱས་།རིག་གནས་ཡུལ་སྐོར་མཉམ་འདྲེས།མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཅས་གཞི་གཅིག་ཏུ་འདྲེས་པ་བྱས་ནས་བསམ་པའི་རྒྱག་ཆེ་དེ་ཡོང་འབབ་འཕར་སྣོན་དང་འབྱུང་ཁམས་ལ་བརྟེན་པའི་འབབ་འཕར་།འཕེལ་རྒྱས་ལ་བརྟེན་པའི་ཡོང་འབབ་འཕར་སྣོན་བཅས་ཡོང་བ་བྱེད་རྒྱུ། གསར་བརྗེའི་རིགས་གནས་ཡུལ་སྐོར་གཅིག་ལ་གཅིག་བརྒྱུད་དང་དམངས་ཕྱུག་ཐོན་ལས་ཕྱོགས་ཡོང་ལ་ཁྱབ་པ་བྱས་ཏེ་བོད་ཀྱི་སྐར་ལྔའི་དར་དམར་ཐོག་མའི་གཟི་འོད་མི་རིགས་ཁག་གི་མི་དམངས་ཀྱིས་མཐོང་ཆོས་སུ་གྱུར་བ་གང་ཞིག་བདེ་སྐྱིད་འཚོ་བ་དངོས་ནང་མངོན་མཚོན་ཐུབ་པ་བྱེད་རྒྱུ།

སྐམ་ཐོག་ནས་གྲུ་པ་རོང་།ཁང་གསར། བརྟན་གདའ།སྤང་མདའ་བཅས་སུ་གསར་བརྗེའི་ལོ་རྒྱུས་ཡུག་གཅིག་ཏུ་འབྲེལ་ནས་གསར་བརྗེའི་ལོ་རྒྱུས་ཀྱིས་མི་སེམས་གསོ་ཞིང་ཐོན་ལས་ཀྱིས་དམངས་ཕྱུག་རྫོང་དར་ཡོང་བ་བྱེད་བཞིན་ཡོད་པ་རེད། ལོ་རྒྱུས་ཀྱི་འགོ་བརྩམ་ས་གསར་པ་ཞིག་ནས་འགོ་བཙུགས་ཏེ་ཆབ་མདོ་གྲོང་ཁྱེར་གྱིས་གསར་བརྗེའི་གནའ་ཤུལ་རྣམས་གྲངས་སུ་བརྩིས་ནས་དམ་འཛིན་བྱེད་པ་དང་གསར་བརྗེའི་ལོ་རྒྱུས་སློབ་གཞིར་བརྩིས་ནས་དམ་འཛིན་བྱེད་པ།གསར་བརྗེའི་གནས་གཞི་བཅོས་སྐྱོང་སུ་བརྩིས་ནས་དམ་འཛིན་བྱས་ནས་བོད་ཀྱི་སྐར་ལྔའི་དར་དམར་ཐོག་མའི་གཟི་འོད་ལ་སྲུང་སྐྱོབ་དང་ཡུན་རིང་བདེ་འཁོད་བརྟན་སྲུང་བྱེད་རྒྱུ་གང་ཞིག་གསར་བརྗེའི་ལོ་རྒྱུས་ཀྱིས་བོད་ལྗོངས་དར་རྒྱས་གོང་འཕེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་སུ་འགྱུར་བ་བྱེད་རྒྱུ།