འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་2026ལོར“ལས་ཕྱོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་རྒྱུར”སྐུལ་འདེད་གཏོང་བ་དང་དངུལ་རྩ་གིས་ཆབ་མདོའི་ནུས་རྒྱུ་གཙང་མ་དང་སྲིད་གཞུང་ཁོངས་གཏོགས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྙན་ཞུ་གསན་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས“རྒྱལ་ཁབ་ཀྱི་དོན་ཆེན་”བློ་ལ་བརྟན་པོར་བཅངས་ནས། ས་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་གཞི་ཚུགས་ཏེ་དངུལ་རྩའི་འདེགས་སྐྱོར་མུ་མཐུད་སྟོབས་ཆེར་གཏོང་བ་དང་།ཀུན་ཕན་དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་བ།དངུལ་རྩའི་ཕན་ནུས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས།དངུལ་རྩའི་ཞབས་ཞུའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུ་གསར་གཏོད་གཏིང་ཟབ་ཏུ་གཏོང་བ།རྩིས་ཐོའི་ལས་དོན་དང་རྩིས་ཐོའི་ཚད་ལྡན་ཅན་གྱི་དོ་དམ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ།མ་དངུལ་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་ནན་པོ་སྲུང་བ་བཅས་བྱེད་དགོས།རྣམ་གྲངས་གལ་ཆེན་གྱི་དངུལ་རྩའི་འགན་ལེན་དང་ཞིང་པ་ལས་མིའི་གླ་ཕོགས་ཆེད་ཐོ་དོ་དམ་སོགས་གཙོ་གནད་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ཏེ་ནུས་ཕྱོད་དང་།བདེ་འཇགས་ཚོད་འཛིན།གནད་སྨིན་ནུས་ལྡན་བཅས་ཀྱི་དངུལ་རྩའི་ཞབས་ཞུ་ཚད་ལྡན་དུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས།
གྲོས་ཚོགས་ཐོག་ནན་བཤད་གནང་དོན། མིག་སྔར་དུས་ཚིགས་བཞི་པར་སླེབས་ཡོད་པས།ལོ་ཧྲིལ་པོའི་ལས་དོན་མཇུག་བསྒྲིལ་ནས་རྩིས་སྤྲོད་པའི་འགག་རྩའི་དུས་རིམ་ཞིག་རེད།ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་།ཚད་གཞི་མཐོ་བ་དང་བྱེད་ཐབས་ནན་པོ་རྒྱུན་འཁྱོངས་བྱས་ནས།དཔྱད་ཞིབ་ཀྱིས་གཞི་གྲངས་དབྱེ་ཞིབ་དང་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ།དཔྱད་ཞིབ་ཀྱིས་ལས་འགན་ཁག་དམ་འཛིན་ནན་པོ་དང་ལེགས་འཛིན་བྱེད་པ།ཆད་གསབ་དང་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ།ལོ་ཧྲིལ་པོའི་དམིགས་འབེན་ཁག་ཡོངས་སུ་ལེགས་གྲུབ་ཡོང་བར་འགན་ལེན་བྱ་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

