国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月20日

ཀྲང་ལི་ཡིས་གྲོང་ཨུད་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུར་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཨུད་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུར་གཙོ་སྐྱོང་གནང་ནས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་གནང་བ་རེད།

ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་ཁྲིད་དགེ་རྒན་གཙོ་བོ། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཚའོ་ལི་ཡིས་བརྙན་འཕྲིན་གྱི་ཐོག་ནས་ཟུར་ཁྲིད་སྙན་ཞུ་གནང་བ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན།ཆབ་མདོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་ན།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་བསམ་ཕྱོགས་དང་བྱེད་ཐབས་བཅས་འཚོལ་མཁས་པོ་བྱས་ཏེ།རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་ཆབ་མདོའི་གནས་ཚད་གནད་ལ་འཁེལ་པོས་འཚོལ་དགོས་པ་དང་།དོན་དངོས་ནས་འགོ་བཙུགས་ཏེ་ཆོས་ཉིད་ལྟར་ལས་དོན་བསྒྲུབས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ལེགས་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རྣམ་གྲངས་གང་མགྱོགས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་གཙང་གསུམ་རྒྱུག་ཁུལ་གྱི་མཐུན་སྦྱོར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ།འཕེལ་རྒྱས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་གསོག་འཇོག་བཅས་བྱེད་དགོས།ཐོན་ལས་དང་པོ་ལེགས་སྒྱུར་དང་།ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་པ།ཐོན་ལས་གསུམ་པ་མཐོར་གཏོང་།ཐོན་ཁུངས་གསར་སྤེལ་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ལམ་སྲོལ་འཚོལ་ཞིབ་བྱས་ཏེ།དཔལ་འབྱོར་ལ་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་གྱི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་ནུས་པར་འགན་ལེན་བྱེད་དགོས།མི་དམངས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་ཏེ་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ།སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་ཐོབ་པ་བྱེད་པ།སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ།གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ།རང་འགུལ་ངང་ཉེ་འཁོར་གྱི་དཔལ་འབྱོར་ཁུལ་ནང་ཞུགས་པ།བགྲོད་ལམ་གྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་རྒྱལ་ཁ་ཐོབ་པའི་རྣམ་པར་འགྱུར་བ་བྱེད་པ།ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ།ས་ཁོངས་ཧྲིལ་པོའི“སྙིགས་རོ་མེད་པའི་གྲོང་ཁྱེར”བསྐྲུན་པ་རྒྱ་ཆེ་རུ་གཏོང་བ།ཐོན་སྐྱེད་འཕེལ་རྒྱས་དང་།འཚོ་བ་ལེགས་གཏོང་།སྣོད་བཅུད་མཐོར་གཏོང་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་པ།འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ།སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་།དངུལ་རྩའི་ཉེན་ཁ་སྔོན་འགོག་ཉེན་མེད་ཐོན་སྐྱེད་ཏན་ཏིག“མི་ཐོན་པ་ལྔའི”མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས། ཚོགས་འདུའི་ཐོག་ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ།ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ།སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་གང་ཐུབ་བྱེད་པ།གྲོང་ཨུད་ཀྱིས་ཁ་གསལ་བཏོན་པའི་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་དགོས་རེ་བ་བཏོན་ཡོད།