སྒྲིག་པ་པོའི་གཏམ།
ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ཏེ། གྲོང་ཁྱེར་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཐབས་ལམ་གསར་པ་བཟོས་ཏེ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སེམས་མཐུན་ཡར་བརྩོན་གྱི་སྟོབས་ཤུགས་ཆེ་མོ་གཅིག་ཏུ་འགྲིལ་ཡོད། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱ་ཆེད། དེ་རིང་ནས་བཟུང་། ཆབ་མདོའི་མཉམ་འདྲེས་སྨྱན་སྦྱོར་གྱི་འཕྲིན་སྟེགས་ཡོངས་ཀྱིས《གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད》ཅེས་པའི་ལེ་ཚན་བཟོས་ཡོད་པས་ཚང་མས་དོ་ཁུར་ཡོང་བར་ཞུ།
ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་དང་། གྲོང་ཨུད་ཀྱི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ། གྲོང་ཁྱེར་གྱི་ཚོགས་འདུ་གཉིས་དང་དེ་བཞིན་གྲོང་ཁྱེར་སྒྲིག་ཨུད་ཀྱི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བཅས་འཚོགས་རྗེས། དཔལ་འབར་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཞིང་། རིམ་དབྱེ་རིགས་དབྱེའི་ཐོག་ནས་སློབ་སྦྱོང་དང་ཞིབ་འཇུག་བགྲོ་གླེང་བྱས་ཏེ། ཚོགས་འདུའི་དགོངས་དོན་ལས་ཁུངས་དང་། ཤང་གྲོང་། སློབ་གྲྭ། དགོན་སྡེ་བཅས་སུ་བསྐྱོད་པར་སྐུལ་འདེད་བཏང་ནས་རྔམ་བརྗིད་ལྡན་པའི་འཆར་འགོད་གཞི་རིམ་དུ་རྐང་ཚུགས་པ་དང་མང་ཚོགས་དང་ཐག་ཉེ་བར་བྱས་ཡོད།
རྫོང་ཡོངས་ཀྱིས་རྫོང་ཨུད་རྒྱུན་ལས་ཨུ་ལྷན་དང་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་བཅས་ཀྱི་ཐབས་ལམ་བརྒྱུད། ཞིབ་ཕྲའི་སྒོ་ནས་ཞིབ་འཇུག་སློབ་སྦྱོང་མཐའ་འཁྱོངས་བྱས་པ་དང་། གྲོང་ཨུད་ཀྱི་བཀོད་སྒྲིག་དང་ཚད་གཞི་ཡང་ཡང་བསྡུར་ཏེ། ཚོགས་འདུའི་དགོངས་དོན་དཔལ་འབར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་ཐབས་ངོ་མར་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
རྫོང་སྲིད་གཞུང་ཏང་ཙུའུ་ཡིས་ཆེད་དོན་སློབ་སྦྱོང་སྒྲིག་འཛུགས་བྱས་ཏེ། ཚོགས་ཞུགས་ཏང་ཡོན་གྱིས་རྫོང་གི་གནས་ཚུལ་དང་ཟུང་དུ་འབྲེལ་ནས་གཙོ་གནད་ལས་འགན་ལེགས་སྒྲིག་བྱས་ཡོད། ཚང་མས་བརྟན་ལྷིང་དང་། སྐྱེ་ཁམས། ཐོན་ལས། དམངས་འཚོ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། དངོས་འཛིན་དངོས་སྒྲུབ་དང་དཀའ་གནད་འགག་སྒྲོལ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། རྫོང་ཨུད་དྲིལ་བསྒྲགས་པུའི་ཏང་ཀྲི་པུའུ་ཡིས་ཆེད་དོན་ཟུར་ཁྲིད་ཀྱི་སློབ་སྦྱོང་འཚོགས་པ་རེད། རྫོང་ཨུད་རྩ་འཛུགས་པུའི་ཏང་ཀྲི་པུའུ་ཡིས་སློབ་སྦྱོང་ནང་རྒྱུན་མཐུད་ཀྱིས་རིགས་གཞུང་སློབ་སྦྱོང་ཟབ་ཏུ་གཏོང་བ་དང་།རྒྱུན་རྣམ་ཅན་གྱིས་རང་བཤེར་དག་ཐེར་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་དཔུང་ཁག་གི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བཏོན་ཡོད།
དཔལ་འབར་གྲོང་རྡལ་ཏང་ཨུད་ཚན་ཁག་གིས་གཞི་རིམ་བཅོས་སྐྱོང་དང་།ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོར་ལེགས་གཏོང་བཅས་དང་འབྲེལ་ཏེ་བསམ་ཕྱོགས་སྤེལ་རེས་བྱས་པ་དང་།ཚང་མས་གཞི་རིམ་ནི་སྲིད་ཇུས་དོན་འཁྱོལ་ཡོང་བའི“མཐའ་མའི་སྤྱི་ལེ་གཅིག”དེ་ཡིན་པས། སློབ་སྦྱོང་གི་ཕན་འབྲས་དེ་ཉིད་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དངོས་ཡོད་བྱ་སྤྱོད་དུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
སྙེ་མོ་ཤང་སློབ་ཆུང་གི་ཏང་ཀྲི་པུའུ་ཡིས་དགེ་རྒན་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་ཐོག་ཞིབ་འཇུག་དང་སློབ་སྦྱོང་བྱས་པ་རེད།“ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུའི་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཏེ་ཚོགས་འདུའི་དགོངས་དོན་དུས་རྒྱུན་གྱི་ཀུན་སྤྱོད་སློབ་གསོའི་སློབ་ཚན་ནང་བཞག་ནས་སེམས་ནུས་ཡོད་རྒུས་མཐོ་སྒང་གི་སློབ་གསོ་ཡག་པོ་སྒྲུབ་རྒྱུ་ཡིན”ཞེས་དགེ་རྒན་ཚོས་མི་གསོ་སྐྱོང་གི་ཁ་ཕྱོགས་གླེང་ཡོད།
འབྲུག་ཐང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་སློབ་སྦྱོང་སྒྲིག་འཛུགས་བྱས་ཏེ།ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ“འདུ་ཤེས་གསུམ”གྱི་སློབ་གསོ་དང་།རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཟུང་འབྲེལ་གྱིས་གྲྭ་བཙུན་གྱི“མོས་སེམས་ལྔ”ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ནས་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད།

