国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月16日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་ཆེད་དོན་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་མི་རིགས་ལས་དོན་ནི་ཐོག་མར་ཆབ་སྲིད་ཀྱི་ལས་དོན་ཞིག་རེད། ངེས་པར་དུ་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་གནང་རྒྱུ་མཐའ་འཁྱོངས་བྱ་དགོས་པ་དང་། མཐོང་ཚོར་ནུས་གསུམ་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་བརྒྱབ་ནས། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཐོག་མཐའ་བར་གསུམ་ནས་ཏང་ཀྲུང་དབྱང་གིས་བསྟན་པའི་ཡང་དག་གི་ཁ་ཕྱོགས་ལྟར་མདུན་སྐྱོད་བྱ་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་དམངས་འཚོ་ལེགས་བཅོས་དང་ཀུན་སེམས་གཅིག་ཏུ་བསྒྲིལ་རྒྱུ་ནི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ཏེ། མི་རིགས་ཁག་གི་མང་ཚོགས་རྣམས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཁྲོད་ནས་མོས་སེམས་ལྔ་ཆེ་རུ་བསྐྱེད་ཐུབ་པར་བྱ་དགོས། དམངས་འཚོའི་མཐའ་ཚད་ལེགས་སྲུང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་སྤེལ་གཏིང་ཟབ་དང་ས་མཐོའི་འཆམ་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་བྱ་དགོས་པ་དང་། སྤྱི་པའི་ཞབས་ཞུ་ལེགས་གཏོང་གིས་སློབ་གསོ་དང་སྨན་བཅོས་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་གྲོང་གསེབ་ཀྱི་རྨང་གཞིའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང“དྲ་བ་དྲུག”གི་འཛུགས་སྐྲུན་སོགས་སྲིད་ཇུས་ཀྱི་གོ་སྐབས་དམ་དུ་འཛིན་ནས། རྣམ་གྲངས་འཆར་འགོད་དོན་ཐོག་ལེགས་འཁྱོལ་གྱིས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ཐོག་ནས་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ལ་སྐུལ་ཁྲིད་བྱ་དགོས། ངེས་པར་དུ་བརྟན་ལྷིང་སྲུང་སྐྱོང་ནི་ཆབ་སྲིད་ཀྱི་འོས་འགན་གཙོ་བོར་འཛིན་དགོས་ཤིང་། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་ཐབས་ལམ་ཐོག་ནས་མི་རིགས་ལས་དོན་ལེགས་པར་བསྒྲུབ་དགོས། ཁྲིམས་ལྟར་དོ་དམ་ཚད་ལྡན་བྱ་དགོས་པ་དང་། མི་རིགས་ཀྱི་དོན་དག་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ནང་འཇུག་དགོས་པ་དང་། ཡིག་སྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་སྐུལ་སྤེལ་གཏིང་ཟབ་བཏང་ནས། སྔར་ལུས་ཀྱི་གནད་དོན་ཐམས་ཅད་རང་འགུལ་གྱིས་ཐག་གཅོད་བྱ་དགོས། ཆོས་ལུགས་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་དོན་འཁྱོལ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན། འདུ་ཤེས་གསུམ་གྱི་སློབ་གསོ་བརྟན་གཏོང་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་འགྱུར་ཡོང་བར་ཁྲིད་སྟོན་གྱིས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་ཞོད་འཇགས་བཅས་ལ་རྒྱུན་མཐུད་སྲུང་སྐྱོང་བྱ་དགོས་པའི་ནན་བཤད་གནང་ཡོད།