འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས12ཉིན། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན། ཤིས་འཕྲིན་གལ་ཆེན་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གཙོ་སྐྱོང་གནང་བ་རེད།
ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་དགོངས་པ་གཏིང་ཟབ་པས། ཆབ་མདོའི་ལས་དོན་ལེགས་པར་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས“སྣོན་གཅིག་འཕྲི་གཅིག་དུས་ཐོག་གཅིག”གི་བླང་བྱ་གཞིར་བཟུང་། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་གྱི་མེ་ཟོན་བདེ་འཇགས་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས། ནགས་ཚལ་རྩྭ་ཐང་གི་མེ་ཟོན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་ཉེན་ཁ་རྐྱེན་ངན་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུང་དགོས་པ་དང་། ཡིག་སྐུར་ངོ་བཅར་དང“འགྱངས་ཆད་གཉིས”སོགས་འགལ་ཟླ་ཉེན་ཁ་ཆུང་དུ་བཏང་ནས། རྐྱེན་ངན་སྣ་ཚོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ལམ་སེལ་བྱ་དགོས་པ་དང་། དགོངས་སྐོར་སྙན་ཞུའི་ལམ་ལུགས་དུས་ཐོག་ཏུ་དོན་འཁྱོལ་གྱིས་ལས་རིམ་མཐའ་དག་གི་ཚད་གཞི་ནན་སྲུང་བྱ་དགོས་ཞེས་བསྟན།
ཚོགས་འདུའི་ཐོག་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་ཧྲུའུ་ཅི་ཀྲང་ལི་གཉིས་ཀྱིས་ཉེ་དུས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། འགལ་བ་དང་རྐྱེན་ངན་རྩད་ཞིབ་ཆེས་ཆེར་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་ཡིག་སྐུར་ངོ་བཅར་གྱི་སྔར་བསགས་གྱོད་གཞི་ཐག་གཅོད་དང་། རང་ཁོངས་ཀྱི་འགན་འཁྲི་ནན་དཀྲིས་ཀྱིས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱི་ལན་སྤྲོད་གནད་དོན་དག་ཐེར་ལ་དམ་འཛིན་ལེགས་པར་བྱེད་པ། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་ཀྱིས་གངས་རི་འཁྱགས་ཀླུང་དང་ས་རློན་འདམ་ར། གཙང་པོ་དང་མཚེའུ། ནགས་ཚལ་རྩྭ་ཐང་སོགས་སྐྱེ་ཁམས་ཀྱི་རྒྱུ་རྐྱེན་ཀུན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་ཤུགས་སྣོན་རྒྱག་པ་དང་། བཙོག་ཆུ་དང་གད་སྙིགས་གཙང་སེལ་དོ་དམ་གྱི་ཞན་ཆ་ལེགས་གསབ་ཀྱིས་སྐྱེ་ཁམས་ཀྱི་ཉེན་ཁ་རྐྱེན་ངན་ཞིབ་བཤེར་དང་ཐག་གཅོད། སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། རིག་གནས་ཡུལ་སྐོར་གྱི་ཁྲོམ་ར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་ཀྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོན་ལས་སྤུས་དག་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

