འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཇ་རྟའི་རིག་གནས་ཡུལ་སྐོར་ཚོགས་པ་དང་། ཁང་གློག་ནུས་རྒྱུ་གཙང་མའི་མ་འཇོག་འཕེལ་རྒྱས་ཚོགས་པ་བཅས་སུ་ཕེབས་ཏེ། གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ཁེ་ལས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
ལའོ་ཆིན་འུའུ་ཡིས་ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་གནང་ནས། ལས་ཀའི་སྙན་ཞུར་ནན་ཏན་ངང་གསན་པ་མ་ཟད། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས། གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པས་སླད་ཕྱིན་ལོ་ལྔའི་རིང་གི་གྲོང་ཁྱེར་ཡོངས་ཀྱི་བྱ་གཞག་ཁག་ལ་འཆར་གཞི་བཀོད་པ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།“དོན་ཆེན་བཞི”ལ་དམ་པོར་དམིགས་པ།“འཛུགས་གཏོད་བཞི”ལ་སེམས་ཤུགས་གཅིག་ཏུ་སྒྲིལ་བ། “གཏོད་དགོས་པ་གསུམ”གྱི་སྤྱིའི་ངེས་གནས་གཞི་རྩར་འཛིན་པ།“མདུན་གྲལ་དུ་སླེབས་པ་བཞི”ལ་སྐུལ་འདེད་གཏོང་བ།“ལྔ་གཏོད་ཆབ་མདོ”བསྐྲུན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས།
ལའོ་ཆིན་འུའུ་ཡིས་ཐོག་མཐའ་བར་གསུམ་དུ་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་གཟུགས་བརྙན་བཟང་པོ་གཏོད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། ལམ་ལུགས་ལ་བརྟེན་ནས་མི་ལ་དོ་དམ་དང་། ཡིད་རྟོན་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ། དངོས་སྒྲུབ་ལ་བརྟེན་ནས་ཁེ་ལས་དར་རྒྱས་གཏོང་བ་བཅས་བྱེད་དགོས། ཇ་རྟའི་རིག་གནས་ཡུལ་སྐོར་ཚོགས་པས་གཉེར་སྐྱོང་གི་འདུ་ཤེས་གསར་བརྗེས་དང་། གཉེར་སྐྱོང་བྱེད་སྟངས་གསར་གཏོད། རྣམ་གྲངས་ཇུས་འགོད་ལེགས་གཏོང་། ཁྲོམ་རར་གཞི་ཚུགས་པ། ཁྲོམ་ར་གསར་འབྱེད་བཅས་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི“དབོར་འདྲེན་ལས་མི”ཡག་པོ་བྱས་ནས་རྒྱུག་ཚད་ཀྱི་གོ་སྐབས་དམ་འཛིན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་རྒྱུ་ནོར་གྱི་ཕན་འབྲས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཁམས་གློག་ནུས་རྒྱུ་གཙང་མའི་མ་འཇོག་འཕེལ་རྒྱས་ཚོགས་པས་འཕེལ་རྒྱས་ཀྱི་ངེས་གནས་གནད་ལ་འཁེལ་པོས་འཚོལ་བ་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ནང་རང་འགུལ་ངང་ཞུགས་པ། ནུས་རྒྱུ་གཙང་མ་སྤྱོད་པའི་རྣམ་པ་འཚོལ་ཞིབ་བཅས་བྱས་ནས་ཁྲོམ་ར་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་དགོས། མ་འཇོག་ཚོགས་པས་རྒྱུ་ནོར་དོ་དམ་ལ་དམ་འཛིན་བྱས་ནས་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་བསྡུར་ཏན་ཏིག་བྱས་ཏེ་ཁྲོམ་རའི་བྱེད་པོའི་ངེས་གནས་ཁ་གསལ་བཟོ་དགོས་ཤིང་། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་ཁུར་ནས་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། གཙོ་འགན་གཙོ་ལས་ལ་དམ་པོར་དམིགས་པ། ཁེ་ལས་ཀྱི་སྤུས་རྟགས་གཏོད་པ་བཅས་བྱས་ཏེ། ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཁེ་ལས་ཀྱི་རིན་ཐང་མངོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

