འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས12ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཨུད་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་ལྟ་བཤེར་གནས་ཚུལ་ལན་སྤྲོད་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རང་རེའི་གྲོང་ཁྱེར་གྱི་དཔེ་མཚོན་གྱོད་དཔེ་དག་ཐེར་བྱས་ཚུལ་གྱི་ལས་དོན་གནས་ཚུལ་སྙན་སེང་ལ་གསན་པ་རེད། ཚོགས་འདུ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྐྱེ་ཁམས་འདི་ཉིད“དོན་ཆེན་བཞིའི”གྲས་སུ་བརྩིས་ཏེ་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་པ་དེས་ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་ལྗོངས་ཡོངས་སུ་ལྟ་བཤེར་བྱས་པ་དེ་ནི་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཕྱོགས་ཡོངས་ཀྱི་ཆབ་སྲིད་ཀྱི་བརྟག་དཔྱད་ཐེངས་ཤིག་ཡིན་ལ། ང་ཚོས་འབྲེལ་ཡོད་ལས་དོན་ལེགས་བཅོས་དང་མཐོར་འདེགས་གཏོང་བར་ཁ་ཕྱོགས་དང་གཙོ་གནད་ཁ་གསལ་བཏང་ཡོད། ཧུའུ་ཁྲང་ཧྲེང་གི་གསུང་བཤད་ཀྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་ནང་དོན་དང་ལག་ལེན་གྱི་བླང་བྱར་འགྲེལ་བཤད་གཏིང་ཟབ་བསྐྱོན་པ་མ་ཟད། བདེན་བཏོན་མཐའ་སྐྱེལ་དང་མཐའ་གཅིག་ཏུ་དག་ཐེར་བྱེད་པའི་རྣམ་འགྱུར་མཚོན་ཡོད་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ལྟ་བཤེར་དག་ཐེར་ལ་སྐུལ་འདེད་གཏོང་བར་བླང་བྱ་ཁ་གསལ་བཏོན་པ་དང་བཀོད་སྒྲིག་ཞིབ་ཚགས་གནང་ཡོད་ཅེས་བསྟན།
ཚོགས་འདུ་ཡིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་།ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།ལྟ་བཤེར་དག་ཐེར་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་། དམངས་འཚོའི་འདུ་འགོད་གལ་ཆེན།འཕེལ་རྒྱས་ཀྱི་འདུ་འགོད་གལ་ཆེན་བཅས་ལ་བརྩིས་ཏེ་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་དག་ཐེར་དམ་འཛིན་བྱེད་དགོས།རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱེད་དགོས་ཤིང་།སྐབས་ཐོག་བཅོས་སྒྲིག་དང་ཕུགས་ཕན་སྲོལ་འཛུགས་བྱས་ཏེ།ལྟ་བཤེར་གྱིས་ཚུར་ལན་སྤྲད་པའི་གནད་དོན་དང་མང་ཚོགས་ཀྱིས་ཡིག་སྐུར་ཐེར་འདོན།ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་སོགས་ཕན་ཚུན་ཟུང་འབྲེལ་གྱིས་མཉམ་གཅིག་ཏུ་ཁོང་དུ་ཆུད་པ་དང་ཕྱོགས་བསྡུས་ལག་ལེན་བསྟར་ནས་དངོས་འབྲེལ་དག་ཐེར་དང་། དངོས་སུ་དག་ཐེར། དག་ཐེར་དོན་འཁྱོལ་ཐུབ་པ་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་ཆེ་རུ་གཏོང་དགོས་ཤིང་།སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་དང་སྲོལ་ཡིག་སློབ་སྦྱོང་ནན་ཏན་བྱེད་པ་དང་།རིགས་གཅིག་པའི་གནད་དོན་བསྐྱར་དུ་ཐོན་རྒྱུ་ནན་འགོག་བྱས་ཏེ། དག་ཐེར་ལས་དོན་དོན་མཐའ་འཁྱོལ་ཞིང་རྒྱུན་རྣམ་ཡུན་ཕན་ཡོང་བར་སྐུལ་འདེད་གཏོང་དགོས། གཅིག་གྱུར་འཆར་འགོད་སྐུལ་འདེད་ལ་སྣང་ཆེན་བྱེད་དགོས་ཤིང་།ཧུར་ཐག་གིས་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད་དང་སྐུལ་འདེད་བཏང་སྟེ།ཐོན་སྐྱེད་འཕེལ་རྒྱས་དང་།འཚོ་བ་ལེགས་བཅོས།སྐྱེ་ཁམས་མཐོར་འདེགས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོན་པོས་སྲུང་སྐྱོབ་བྱ་རྒྱུ་དེ་ཉིད་ཆབ་མདོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྱོགས་རྟེན་དང་། མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བའི་འཕར་གཞི་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུ་ཡིས“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ཏེ། གྲོང་ཨུད་རྒྱུན་ཨུ་ཚན་ཁག་གིས་སྣེ་ཁྲིད་དེ་དག་ཐེར་དམ་འཛིན་དང་། མྱུར་ཚད་ལྟ་སྐུལ།དོན་འཁྱོལ་འགན་ལེན་བཅས་བྱེད་དགོས།ལས་རིགས་ཚན་པ་དང་རྫོང(ཆུས)ཁག་གིས་འགན་འཁྲི་ཏན་ཏིག་ངང་འཁུར་ཏེ་དག་ཐེར་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་དང་རྩ་འཛུགས། “གཞུང་དོན་ཁང་གཉིས་ཀྱི”ལྟ་བཤེར་ཁང་གིས་རྗེས་འདེད་སྒྲུབ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དག་ཐེར་བྱེད་ཤུགས་མི་འདང་བ་དང་། མི་བདེན་རྫུན་སྒྲིག ཁྲལ་མངོན་སླ་བཅོས་བཅས་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

