འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས12ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། འཕྲིན་ལན་གལ་ཆེན། རྩོམ་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་བྱས་ཡོད།
ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནི་གཟིགས་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། དགོངས་པ་གཏིང་ཟབ་ལ། དཔལ་འབྱོར་འཕེལ་རྒྱས་དང་། ཕྱི་ཕྱོགས་སྒོ་དབྱེ། སློབ་གསོ་ཚན་རྩལ་སོགས་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ་དེ་ནི་ང་ཚོས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ་དང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ།
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པར་མཐུད།)“གདེང་ཚད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་།“དོན་ཆེན་བཞིར”དམིགས་པ་དང་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་གཞིགས་ནས། གདེང་ཚོད་བརྟན་གཏོང་དང་དྲིན་ཚོར་མདུན་སྐྱོད་ཀྱིས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་ཏན་ཏིག་ངང་སྐུལ་འདེད་གཏོང་དགོས་ཅེས་བསྟན།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《བདེན་འཚོལ》དུས་དེབ་ཐོག་སྤེལ་གནང་བའི་རྩོམ་ཡིག་གལ་ཆེན《ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས》ཞེས་པ་བརྒྱུད་བསྒྲགས་སློབ་སྦྱོང་དང་གྲོང་ཁྱེར་ཡོངས་ཀྱི་དམངས་འཚོའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་རེད། ཚོགས་འདུའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམངས་འཚོ་ནི་གལ་ཆེ་ཤོས་ཡིན་པས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱེད་དགོས། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་སྤུས་དག་ལས་ཞུགས་ལ་སྐུལ་འདེད་གཏོང་བ།མང་ཚོགས་རྩ་འཛུགས་ཅན་དང་གཞི་ཁྱོན་ཅན།རྩལ་ནུས་ཅན་གྱི་གནས་སྒྱུར་ལས་ཞུགས་ལ་ཤུགས་སྣོན་རྒྱག་དགོས། སློབ་གསོའི་ཐོན་ཁུངས་རྒྱ་བསྐྱེད་སྤུས་ལེགས་ཡོང་བར་སྐུལ་འདེད་གཏོང་བ་དང་།སློབ་ཞུགས་གོང་གི་སློབ་གསོ་དང་འོས་འགན་སློབ་གསོ།ལས་རིགས་སློབ་གསོ།དམིགས་བསལ་སློབ་གསོ་ཁག་ལེགས་པར་བསྒྲུབ་དགོས། འཕྲོད་བསྟེན་བདེ་ཐང་གི་སྤུས་འབྲས་ལེགས་གཏོང་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་དང་། གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྨན་བཅོས་ཀྱི་མཐུན་རྐྱེན་གཞི་རིམ་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཚེ་སྲོག་འཁོར་ཡུན་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་བ། “རྒན་གཅིག་གཞོན་གཅིག”གི་ལས་དོན་ལ་དམ་འཛིན་ལེགས་པར་བྱ་དགོས། སྤུས་དག་གི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བ་དང་།“དྲ་བ་དྲུག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་སྒོ་ཀུན་ནས་མཐོ་རུ་གཏོང་དགོས། མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཀྱིས་བཅོས་སྒྲིག་བྱེད་པའི་འགག་སྒྲོལ་ལས་དོན་ལེགས་པར་བསྒྲུབས་ནས།“འགྱངས་ཆད་གཉིས”ཀྱི་གནད་དོན་འོས་འཚམ་གང་ལེགས་གྱིས་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་དུ་ཡོང་བར་བྱ་དགོས་པའི་ནན་བཤད་གནང་ཡོད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཧྲུའུ་ཅི་ཧུའུ་ཧྲེང་ཁྲང་གིས་ཉེ་དུས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་།རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།སེམས་ནུས་ཡོད་རྒུས་ལས་བྱེད་རྒན་གྲས་ཀྱི་ལས་དོན་བསྒྲུབ་དགོས།བོད་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བོད་སྐྱོར་ལས་དོན་གྱི་སྤུས་རྟགས་གསར་པ་སྔར་ལས་མང་བ་གཏོད་དགོས།
མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་དཔུང་ཁག་འཛུགས་སྐྱོང་དང་ལྟ་ཞིབ་སྔོན་བརྡ།དངོས་ཟོག་གྲབས་གསོག་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཏེ།གནོད་འགོག་གེགས་སེལ་ཉེན་སྐྱོབ་བཅས་ཀྱི་ནུས་པ་མཐོ་རུ་གཏོང་དགོས། ཁྲིམས་ལྟར་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་“དགོན་པ་རེར་སྲིད་ཇུས་རེ”མཐའ་འཁྱོངས་བྱེད་པ།“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་དགོན་སྡེའི་རྒྱུན་སྲོལ་སྒྲིག་ལམ་ལེགས་པར་བསྲུང་དགོས།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བསྐྱེད་ནས་རང་འགུལ་གྱིས་དུས་བདེ་ཞོད་འཇགས་སྐྱོང་དགོས་པ་དང་།“ཏིལ་འབྲུ་ཙམ་གྱིས་འཕྱུགས་པའི”ཉེན་བརྡ་དང“འཕྱུགས་པ་གཏན་ནས་མེད་པའི”གྲ་སྒྲིག་ལ་བརྟེན་ནས།ལས་དོན་ཁག་སྔར་བས་ཏན་ཏིག་དང་སྔར་བས་བེད་ཆོད་པར་བསྒྲུབས་ཏེ་ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་ཆབ་མདོ་ཧུར་ཐག་བསྐྲུན་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

