国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月13日

ཀྲང་ལི་ཡིས་གྲོང་ཁྱེར་གསར་སྒྱུར་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་ཁ་རུབ་ཆུས་སུ་གྲོང་ཁྱེར་གསར་སྒྱུར་ལས་དོན་ལ་བརྟག་ཞིབ་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དམངས་འཚོ་གཙོ་བོར་འཛིན་པ་དང་དམངས་འཚོ་གནད་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་འཕེལ་རྒྱས་གཏོང་བར་སྔར་བས་དྲོ་སྐྱིད་ལྡན་པ་དང་མང་ཚོགས་ལ་སྔར་བས་བདེ་སྐྱིད་ལྡན་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།

དྭངས་གཙང་ཆུ་བཟོ་གྲྭར། ཀྲང་ལི་ཐོན་སྐྱེད་འཁོར་ཁང་གི་འཐབ་ས་དང་པོར་བསྐྱོད་དེ། སྒྲིག་ཆས་འཁོར་སྐྱོད་དང་། ཆུ་ལེན་པ་དང་ཆུ་བསིང་བའི་བཟོ་རྩལ་བརྒྱུད་རིམ། ཆུ་སྤུས་ཞིབ་དཔྱད་དོ་དམ་ཚོད་འཛིན་བཅས་ལ་ཞིབ་བཤེར་ནན་ཏན་བྱས་ནས། རྒྱུན་གཏན་གྱི་དོ་དམ་དང་། ཆུ་ཁུངས་སྲུང་སྐྱོང་། སྦུག་དྲ་སྒྱུར་བཀོད། ཆུ་བཟོ་གྲྭ་གསར་པ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཆུ་མཁོ་འདོན་ནི་གྲོང་ཁྱེར་གྱི་རྨང་གཞིའི་རང་བཞིན་དང་ཐ་སྐྱོང་རང་བཞིན་གྱི་དམངས་འཚོའི་ལས་གཞི་ཞིག་ཡིན་པས་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ལ་གྲོང་ཁྱེར་གྱི་འཁོར་སྐྱོད་དང་ཡང་འབྲེལ་བ་ཡོད་པས། ངེས་པར་དུ་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱེད་དགོས། སྲོག་རྩ་སྲུང་བའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཆུ་འགོ་སྲུང་སྐྱོང་དང་ཆུའི་སྤུས་ཚད་ཞིབ་དཔྱད་ལ་ཤུགས་སྣོན་རྒྱག་པ་དང་། སྦུག་དྲའི་བཀོད་པ་རྒྱུན་མཐུད་ལེགས་སུ་གཏོང་བ། ཆུ་མཁོ་འདོན་འགན་ལེན་གྱི་ཞན་ཆ་སེལ་བ། རྩ་ཆེའི་ཆུའི་ཐོན་ཁུངས་ལ་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ་བཅས་བྱས་ཏེ་མང་ཚོགས་ལ་བདེ་འཇགས་ཀྱི་ཆུ་དང་། བློ་བདེའི་ཆུ། སྤུས་ལེགས་ཀྱི་ཆུ་བཅས་འཐུང་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས། རྫ་ཟམ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་ལས་ཡུལ་དུ། ཀྲང་ལི་ཡིས་ས་ཡུལ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་ནས་ཨར་ལས་ཀྱི་མྱུར་ཚད་དང་ལས་ཡུལ་དངོས་ཀྱི་དོ་དམ་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། ཟམ་པ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ནི་ས་ཁོངས་ཤར་གཏོང་དང་མང་ཚོགས་ཕྱིར་སྐྱོད་རྒྱུར་སྟབས་བདེ་སྐྲུན་པའི་འགག་རྩའི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན་པས། ཨར་སྐྲུན་ཚན་པས་ངེས་པར་དུ་སྤུས་ཚད་དང་བདེ་འཇགས་ཀྱི་མཐའ་ཚད་གཉིས་བརྟན་པོ་སྲུང་བ་དང་ཨར་སྐྲུན་ཚད་གཞི་དང་ཇུས་འགོད་ཚད་གཞི་ནན་པོ་གཞིར་བཟུང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འགག་སྒོ་ཚང་མ་ནན་པོ་སྲུང་དགོས། དམངས་འཚོའི་མཐའ་ཚད་བརྟན་སྲུང་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མཐའ་གཅིག་ཏུ་གཏན་འགོག་བྱས་ནས། བདེ་འཇགས་དང་། བློས་འགེལ་ཆོག་པ། སྤུས་ཚད་ལེགས་པ། མང་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་སྤུས་ལེགས་ལས་གཞི་དང་དམངས་སེམས་ལས་གཞི་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།

སྤང་མདའ་ཁྲོམ་གཞུང་དུ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། ཀྲང་ལི་དེ་གར་ཕེབས་ནས་རྣམ་གྲངས་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བ་དང་། ཁ་རུབ་ཆུས་ཀྱི“ཡུག་ཁུལ་ཆེན་པོ་ལྔའི”གྲོང་ཁྱེར་གྱི་གསར་སྒྱུར་གནས་ཚུལ་གྱི་ངོ་སྤྲོད་གསན་པ་རེད། ཁོང་གིས། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ནི་གྲོང་ཁྱེར་དེང་རབས་ཅན་འཛུགས་སྐྲུན་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་འཛུགས་སྐྲུན་གྱི་ཇུས་གཞི་བཟོ་བ་དང་། ཡུལ་བབ་དང་བསྟུན་ནས་བར་མཐོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་སྣ་ཚོགས་བསྡུ་སྒྲིལ་བྱེད་པ་བཅས་ཀྱི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ། ས་ངོས་དང་ས་འོག་དང་། གསར་སྐྲུན་དང་སྒྱུར་བཀོད། ཉེ་དུས་དང་ཡུན་རིང་། འཛུགས་སྐྲུན་དང་དོ་དམ། སྲིད་གཞུང་གིས་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག དངོས་པོར་མ་འཇོག་དང་མི་ལ་མ་འཇོག་སོགས་ཀྱི་འབྲེལ་བ་གཅིག་གྱུར་འཆར་འགོད་བྱས་ནས། བདེ་འཇགས་ཀྱི་མཐའ་ཚད་ཡག་པོ་སྲུང་བ་དང་། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་ཆ། ཤེས་དཔལ། བློ་གྲོས་བཅས་ལྡན་པའི་ས་མཐོའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་ཞིག་གཏོད་དགོས་ཞེས་གསུངས།

ཁ་རུབ་ཆུས་བཙོག་ཆུ་གཙང་གསིང་བཟོ་གྲྭར། ཀྲང་ལི་ཡིས་གྲོང་ཁྱེར་ཡོངས་ཀྱི་བཙོག་ཆུ་བསྡུ་རུབ་དང་། ཐག་གཅོད། འབུད་གཏོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། འགན་འཁུར་བ་དང་བཙོག་ཆུ་གཙང་གསིང་བཟོ་རྩལ་དང་འཁོར་སྐྱོད་སྲུང་སྐྱོང་སོགས་ཀྱི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད། ཁོང་གིས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལས་དོན་ཡག་པོ་བསྒྲུབས་ནས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། རིགས་དབྱེ་ཇུས་བསྟར་ལ་སྣང་ཆེན་བྱེད་པ། ཚན་རིག་དང་མཐུན་ལ་ཕྱོགས་ཡོངས་ནས་དག་ཐེར་བྱེད་པ་བཅས་བྱས་ཏེ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། གྲོང་ཁྱེར་གྱི་བཙོག་ཆུ་གཙང་བཟོའི་ཞན་ཆར་དམ་པོར་དམིགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུའི་སྦུག་དྲའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། བཟོ་གྲྭ་དང་དྲ་བ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བཙོག་ཆུ་ཐག་གཅོད་ཀྱི་བཟོ་རྩལ་ལེགས་སུ་གཏོང་བ། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བཙོག་ཆུ་བསྡུ་དགོས་རིགས་ཚང་མ་བསྡུ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གཙང་སེལ། ཚད་ལོན་ཕྱིར་གཏོང་བཅས་བྱེད་དགོས། གད་སྙིགས་གཙང་སེལ་བྱེད་ནུས་ཆེ་རུ་གཏོང་བ་དང་། འཛུགས་སྐྲུན་གད་སྙིགས་བསྡུ་འདྲེན་དོ་དམ་མ་ལག་ཚད་ལྡན་དུ་གཏོང་བ། འཚོ་བའི་གད་སྙིགས་ཉུང་གཏོང་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆབ་མདོའི་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།