འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་9ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཁ་རུབ་ཆུས་སུ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་ཟད། ཁ་རུབ་ཆུས་སྲིད་གཞུང་གི་ལས་དོན་སྙན་སེང་ལ་གསན་པ་རེད།
ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་དང་གྲོང་ཁྱེར་གྱི“ཚོགས་འདུ་གཉིས”ཀྱིས་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཁག་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ལས་ཀའི་དམིགས་ཚད་ཁ་གསལ་བཟོ་བ། ལས་ཀའི་ཚད་གཞི་ཡང་དག་འཚོལ་བ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་རང་འགན་གཙང་སྒྲུབ་དང་དངོས་སྒྲུབ་འགན་འཁུར་གྱི་ཞིབ་ཕྲའི་བྱ་སྤྱོད་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན།
ལའོ་ཆིན་འུའུ་ཡིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། བློ་དཀར་ཆབ་མདོ་འཛུགས་སྐྱོང་ལ་བརྟེན་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། གྲོང་ཁྱེར་ཁྲིམས་ལྟར་སྐྱོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་བྱ་བ་དངོས་བློ་གཅིག་སེམས་གཅིག་གིས་ཡག་པོ་སྒྲུབ་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས།
དུས་བདེའི་ཆབ་མདོ་འཛུགས་སྐྱོང་ལ་བརྟེན་ནས་བདེ་འཇགས་དང་བརྟན་ལྷིང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་གྱི་གནས་འཕྲོད་ཆུ་ཚད་མཐོ་རུ་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག་བྱེད་པ། ཐོན་ལས་བཀོད་སྒྲིག་འཆར་འགོད་བྱེད་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། གསོན་ཤུགས་ཆབ་མདོ་འཛུགས་སྐྱོང་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྱད་ལྡན་རིག་གནས་ཀྱི་ཁྲོམ་གཞུང་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། རིག་གནས་གསར་གཏོད་ཀྱི་ཐོན་རྫས་སྤུས་ལེགས་སྐྱེད་སྲིང་བྱེད་པ། སྤུས་ལེགས་ཀྱི་ཚོང་ལས་རྣམ་པ་གཅིག་སྡུད་བྱེད་པ། གྲོང་ཁྱེར་གྱི་རིག་གནས་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱས་ཏེ། རིག་གནས་ཆབ་མདོ་འཛུགས་སྐྱོང་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་གཅིག་སྡུད་གང་ཐུབ་བྱེད་དགོས། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་། ཤིང་འབྲས་དང་ནགས་ཚལ་དཔལ་འབྱོར། ཆུ་བོ་འབབ་རྒྱུད་བཅོས་སྐྱོང་བཅས་ལ་སྤྱི་འདོམས་དམ་འཛིན་བྱས་ཏེ། གྲོང་ཁྱེར་ཚད་ལྡན་ཅན་སྔོ་འགྱུར་དང་། མཛེས་ལྗོངས་ཅན་གཏོད་པ། རྒྱུན་རྣམ་ཅན་གྱི་དོ་དམ་སྲུང་སྐྱོང་བཅས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ནས་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། མཛེས་སྡུག་ཆབ་མདོ་འཛུགས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་གནས་འཕྲོད་ཀྱི་ཁྱིམ་གཞིས་གཏོད་དགོས། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྤྱོད་གཙང་གཞུང་དྲང་གི་མཐའ་ཚད་ནན་པོས་སྲུང་བ། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཐུན་སྒྲིལ་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུ་རྣམ་པའི་ལས་བྱེད་པའི་དཔུང་ཁག་གཏོད་པ། ཁྲིམས་སྐྱོང་རྣམ་པའི“ནུས་པ་གསུམ་ལྡན་པའི”སྲིད་གཞུང་འཛུགས་སྐྱོང་བྱེད་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁ་རུབ་ཆུས་ཀྱི་ཆུས་ཀྲང་བཀྲ་ཤིས་དོན་གྲུབ་བཞུགས་མོལ་ནང་ཞུགས་པ་རེད།

