འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གོ་འཇོ་རྫོང་སྨན་བཅོས་འགན་སྲུང་ཅུད་ཀྱིས་སྣེ་ཁྲིད་དེ་རྫོང་ཐད་གཏོགས་ཚན་པ་དང་དམིགས་བཙུགས་སྨན་རྫས་ལས་ཁུངས་བདུན་ཙམ་སྒྲིག་འཛུགས་བྱས་ཏེ། 2027ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་འཇལ་སྤྲོད་དང་དམངས་ཡོངས་འགན་བཅོལ་ནང་ཞུགས་རྒྱུའི་དྲིལ་བསྒྲགས་ཟླ་བར་གཅིག་སྡུད་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ། ལས་དོན་མི་སྣས་ངོ་ཐུག་ནས་སྒྲོག་འགྲེལ་དང་གཅིག་ལན་གཅིག་འདེབས་ཀྱི་ཐོག་ནས། ཞིང་འབྲོག་མང་ཚོགས་ལ་འགན་བཅོལ་ནང་ཞུགས་དུས་དང་འགྲོ་གྲོན་སྤྲོད་པའི་རིམ་པ། སྨན་བཅོས་འགན་བཅོལ་གྱི་ཕན་ཐོགས། སྨན་རིན་རྩིས་ཞུའི་སྲིད་ཇུས་སོགས་གསལ་བཤད་གནང་བ་དང་། གཙོ་བོར་འགན་བཅོལ་ཆད་པའི་གནོད་པ་དང་འགན་བཅོལ་གསབ་འཇལ་གྱི་སྲིད་ཇུས། སྨན་རིན་རྩིས་ཞུ་སོགས་ཀྱི་གནད་དོན་ལ་ལན་བསློགས་ཏེ། མང་ཚོགས་རྣམས་འགན་བཅོལ་སྔ་ཞུགས་དང་ཕན་བདེ་སྔ་མྱོང་། འགན་བཅོལ་མི་ཆད་པ་དང་ཕན་བདེ་རྒྱུན་ཐོབ་ཡོང་ཕྱིར་འགན་བཅོལ་ནང་ཞུགས་རྒྱུའི་འདུ་ཤེས་བསྐྱེད་པར་སྐུལ་ཁྲིད་བྱས་པ་དང་དེ་བཞིན་འོས་འགན་སྨན་བཅོས་དང་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་སོགས་བྱས་པ་རེད།

