国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月13日

གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། དེའི་དམིགས་ཡུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཏན་ཏིག་ངང་སྐུལ་འདེད་བཏང་སྟེ། སློབ་མ་ཚོའི་ཁྱིམ་ཞེན་རྒྱལ་ཞེན་གསོ་སྐྱོང་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནི་རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་རྒན་གྲས་ཅུས་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་སྒྲུབ་དང་། ཆབ་མདོ་གྲོང་ཨུད་ལས་བྱེད་རྒན་གྲས་ཅུས་དང་། གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་ཚོད་ལྟ་སློབ་ཆུང་བཅས་ཀྱིས་འགན་སྒྲུབ་བྱས་པ་ཞིག་ཡིན་ལ། རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་དོན་ཁང་གི་ལས་འཁྱུར་ལས་བྱེད་པ་རྒན་གྲས་དང་རང་སྐྱོང་ལྗོངས་དབུ་དཀར་ཤེས་ལྡན་མཛོད་ཀྱི་ཁོངས་མི་བཀྲ་ཤིས་ཆོས་འཕེལ་ཆེད་མངགས་གདན་ཞུ་བྱས་ཏེ། སློབ་གྲྭའི་དགེ་སློབ་ཡོངས་ལ“ལམ་བུ་གསུམ་གྱི་གཏམ་རྒྱུད”ཅེས་པའི་བསམ་བློ་ཆབ་སྲིད་ཀྱི་འཆད་ཁྲིད་གནང་ཡོད་པ་རེད།

འཆད་ཁྲིད་ནང་བཀྲ་ཤིས་ཆོས་འཕེལ་གྱིས་ལོ་ངོ་སྟོང་གི་གནའ་ལམ་དང་། བཅིངས་འགྲོལ་བཏང་བའི་ལམ་བུ། བོད་སྐྱོར་གྱི་འབད་འཐབ་ལམ་བུ་བཅས་ནང་འདུས་པའི་དུས་རབས་ཀྱི་ནང་དོན་གསོན་ཉམས་ལྡན་པའི་སྒོ་ནས་བརྗོད་དེ་ལོ་རྒྱུས་ཀྱི་ཕྱིར་དྲན་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དེ་ཉིད་རེག་ཚོར་ཐུབ་པའི་གསོན་ཉམས་དོད་པོའི་ནང་དོན་དུ་འགྱུར་བར་བྱས་ཡོད།

“སྤོ་བོ་བཀྲ་ཤིས་ཆོས་འཕེལ་ལགས་ཀྱི་འཆད་ཁྲིད་གནང་བར་ཉན་རྗེས་ང་རང་ལ་སེམས་འགུལ་ཟབ་མོ་ཐེབས་བྱུང་། གསར་བརྗེའི་གཏམ་རྒྱུད་དང་། སྟོང་ལོའི་རིག་གནས། བོད་སྐྱོར་སྙིང་སྟོབས་དེ་དག་ངའི་སེམས་སུ་ཟུག་ནས་ཆབ་མདོའི་གཡུལ་འགྱེད་ཀྱི་ལོ་ཟླར་རྒྱུས་ལོན་བྱུང་བ་དང་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཐོབ་དཀའ་བ་ཡིན་པ་ཚོར་བྱུང་། ང་ཚོས་གནམ་འོག་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ཏེ་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་ཡིན”ཞེས་ལོ་རིམ་གསུམ་པའི་འཛིན་གྲྭ་དྲུག་པའི་སློབ་མ་ཀྲིག་ཅིན་ཤོན་གྱིས་དེ་ལྟར་བཤད།

(ཚེ་རིང་བསམ་གྲུབ་ཀྱིས་བསྒྱུར)