国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月13日

ལའོ་ཆིན་འུའུ་ཡིས་རྣམ་གྲངས་འཛུགས་སྐྲུན་དང་གྲོང་ཁྱེར་གསར་སྒྱུར་ལས་དོན་ལ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས8ཉིན་ནས་ཚེས9ཉིན་བར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་རྣམ་གྲངས་འཛུགས་སྐྲུན་དང་གྲོང་ཁྱེར་གསར་སྒྱུར་ལས་དོན་ལ་རྟོག་ཞིབ་གནང་བ་རེད།

གྲོང་ཁྱེར་གྱི་གལ་ཆེའི་རྣམ་གྲངས་གཞུང་དོན་ཁང་དུ།ལའོ་ཆིན་འུའུ་ཡིས་རྣམ་གྲངས་བཀོད་འདོམས་དང་གྲངས་གཞིའི་ལས་སྟེགས་འཛུགས་སྐྲུན་སོགས་ཀྱི་སྙན་ཞུར་གསན་པ་རེད། ཁོང་གིས་རྣམ་གྲངས་ནི་གལ་ཆེ་ཤོས་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས། གྲངས་གཞི་ཅན་གྱི་ཐབས་ལམ་སྤྱད་དེ་གལ་ཆེའི་རྣམ་གྲངས་བཀོད་འདོམས་ལ་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། རྣམ་གྲངས་ཀྱི་རྒྱུ་རྐྱེན་ཐོ་གཞུང་འཐུས་ཚང་དུ་བཏང་སྟེ། ཉེན་བརྡ་གཏོང་བ་དང་ལྟ་སྐུལ་གྱི་ལམ་སྲོལ་དོན་འཁྱོལ་བྱེད་དགོས། སྡེ་ཚན་གྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས། ལྟ་སྐུལ་གྱི་ཕན་འབྲས་དེ་ལོ་འཁོར་གྱི་དཔྱད་ཞིབ་ནང་འཇུག་དགོས་ལ། ལས་གྲྭའི་གོ་རིམ་དང་། དཔལ་འབྱོར་གྱི་དམིགས་ཚད། སྡེ་ཚན་གྱི་དབང་ཆ་དང་འགན་འཁྲི་བཅས་ལ་སྤྱི་འདོམས་བྱས་ཏེ། ཕྱོགས་སོ་སོའི་འགན་འཁྲི་གསལ་པོ་བཟོ་བ་དང་། འགག་རྩ་དང་དཀའ་གནད་སེལ་ནས། གལ་ཆེའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

སིལ་ཏོག་ཐང་ནུབ་ལམ་གྲོང་ཁྱེར་གྱི་གཞུང་ལམ་རྣམ་གྲངས་ཀྱི་ས་ཚིགས་སུ། ལའོ་ཆིན་འུའུ་ཡིས་ལས་གྲྭའི་འཕེལ་རིམ་དང་། འཛུགས་སྐྲུན་རྩ་འཛུགས། སྤུས་ཚད་ཚོད་འཛིན་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲ་རྒྱུས་ལོན་གནང་བ་དང་། ལས་གྲྭའི་དུས་ཚིགས་ལ་དམ་འཛིན་བྱེད་པ་དང་། བདེ་འཇགས་དང་སྤུས་ཚད་ཀྱི་སྒོ་མོ་ནན་པོར་སྲུང་བ། མཐུན་སྦྱོར་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ། གཞུང་ལམ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ལམ་རྒྱུད་ཀྱི་བར་སྟོང་གི་རྣམ་པ་ལེགས་སུ་གཏོང་བ། གྲོང་ཁྱེར་གྱི་བྱེད་ནུས་ཀྱི་ཞན་ཆར་ཁ་གསབ་བྱས་ཏེ། གྲོང་ཁྱེར་གྱི་འགྲོ་འོང་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

ཁ་རུབ་རྒྱལ་སྤྱིའི་ཁུལ་ཆུང་དང་པོ་དང་། གཉིས་པ། མར་ཐང་ཁུལ་ཆུང་གི་ས་འོག་རླངས་འཁོར་འཇོག་གནས་སུ། ལའོ་ཆིན་འུའུ་ཡིས་རླངས་འཁོར་འཇོག་གནས་ཀྱི་གནས་ཚུལ་ལ་དངོས་སུ་རྟོག་ཞིབ་གནང་བ་དང་། ཉིན་རེའི་བདག་སྐྱོང་དང་རླངས་འཁོར་བཀག་གནས་མཉམ་སྤྱོད་བྱེད་ཚུལ་ལ་ཞིབ་ཕྲ་རྒྱུས་ལོན་གནང་ཞིང་། ཁོང་གིས“རླངས་འཁོར་འཇོག་དཀའ་བ”ནི་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་།གྲོང་ཁྱེར་གྱི་རྣམ་པ་དང་སྤུས་ཚད་དང་འབྲེལ་བ་ཡོད་པས། དེ་ནི་དམངས་འཚོའི་ཁྱབ་ཁོངས་སུ་ཛ་དྲག་ངང་ཐག་གཅོད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད།ཁྱབ་ཁོངས་ཡོངས་ནས་བར་སྟོང་རྒྱ་སྐྱེད་གཏོང་བ་དང་། གནས་ཚུལ་དངོས་གསལ་པོ་བཟོ་བ། གནས་ཚུལ་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ། ཡུལ་དེ་གའི་དོན་དངོས་དང་བསྟུན་ནས་རླངས་འཁོར་འཇོག་གནས་ཀྱི་ཐོན་ཁུངས་གསོན་ཤུགས་རྒྱས་པར་བྱེད་དགོས་ཤིང་། ཞིབ་ཚགས་ཅན་གྱི་དོ་དམ་དང་ཁྲོམ་རའི་ཅན་གྱི་གཉེར་སྐྱོང་བརྒྱུད། སྲིད་ཇུས་ཁག་ཕྱོགས་བསྡུས་ཀྱིས་སྤྱད་དེ་རླངས་འཁོར་འཇོག་གནས་ཀྱི་ཐོན་ཁུངས་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་རླངས་འཁོར་འཇོག་དཀའ་བའི་གནད་དོན་དངོས་སུ་ཐག་གཅོད་དགོས་ཞེས་ནན་བཤད་གནང་བ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁ་རུབ་ཆུས་ཀྱི་ཆུས་ཀྲང་བཀྲ་ཤིས་དོན་གྲུབ་མཉམ་དུ་རྟོག་ཞིབ་ནང་ཞུགས་ཡོད།