国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月13日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཚང་འཛོམས་ཚོཌ་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་29ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་བརྗེའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན། གྲོང་ཁྱེར་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས་པའི་ཁར།《ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་དོན་སྒྲིག་སྲོལ》དང《ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་དོན་གནད་གལ་ཆེན་གྱི་གསལ་ཐོ(2025)》སོགས་བརྡ་ཁྱབ་བཏང་བ་རེད།

ལའོ་ཆིན་འུའུ་ཡིས་གྲོལ་མ་ཐག་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོང་ཁྱེར་སྲིད་གཞུང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་ཡོད། ཧྲུའུ་ཅི་ཀྲང་ལི་ཡིས་སྐབས་གསར་པའི་ཚན་ཁག་དང་མཉམ་དུ་གླེང་མོལ་བྱས་ཏེ་ཚན་ཁག་འཛུགས་སྐྱོང་ཐད་བླང་བྱ་ཞིབ་ཕྲ་དྲུག་བཏོན་ཡོད་པས་སློབ་སྦྱོང་གིས་གོ་བ་ནན་ཏན་ལེན་པ་དང་། ལས་བགོས་ལ་ཞིབ་བསྡུར་བྱེད་པ། ལས་ཀའི་གོ་རིམ་ལ་ཤུགས་སྣོན་རྒྱག་པ། ཁྲིམས་དང་སྒྲིག་སྲོལ་ལྟར་སྲིད་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱིས་སྐབས་གསར་པའི་སྲིད་གཞུང་གི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན།

ལའོ་ཆིན་འུའུ་ཡིས་བློ་དཀར་ཆབ་མདོ་འཛུགས་སྐྱོང་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་གྱིས་བླ་སྲོག་གཏོད་པ་དང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་ནས་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཡག་པོ་ཐོབ་པའི་འགན་ལེན་བྱེད་དགོས།བདེ་འཇགས་ཆབ་མདོ་སྐྲུན་པར་ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་འཁྱོངས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱུན་སྲིང་དམག་འཐབ་ཡག་པོ་རྒྱག་པ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།གསོན་ཤུགས་ཆབ་མདོ་བསྐྲུན་པར་ཡུལ་བབ་ལ་བསྟུན་ཏེ་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”གཙོ་གནད་རྣམ་གྲངས་དོན་འཁྱོལ་བྱེད་མགྱོགས་སུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་མིག་སྔའི་གསོན་ཤུགས་དང་འབྱུང་འགྱུར་གྱི་མི་མངོན་པའི་སྟོབས་ཤུགས་ལྡན་པ་བྱེད་དགོས།རིག་གནས་ཆབ་མདོ་འཛུགས་སྐྱོང་བྱེད་པར་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ། ཁྱད་ལྡན་རིག་གནས་ཐོན་ལས་གང་ལེགས་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།མཛེས་སྡུག་ཆབ་མདོ་འཛུགས་སྐྲུན་བྱེད་པར་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་པོ་བྱེད་པ། གཙང་གསུམ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཟླ་ཆུའི་ཆུ་འགོའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་དཔེ་སྟོན་རྣམ་གྲངས་ལག་བསྟར་མགྱོགས་པོ་བྱེད་པ། བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་པོའི་སྲོག་ཆགས་དང་རྩི་ཤིང་། རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལའོ་ཆིན་འུའུ་ཡིས་སྐབས་གསར་པའི་གྲོང་ཁྱེར་སྲིད་གཞུང་གི་ཚན་ཁག་གིས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མི་ཀུན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ། དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ཧུར་ཐག་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།