国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月09日

ཆབ་མདོ་གྲོང་ཁྱེར་གྱི་གཞི་རིམ་ལས་བྱེད་པའི་སློབ་སྦྱོང་ལྟ་སྐོར་ཚོགས་པ་པེ་ཅིང་དུ་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2026ལོའི་བོད་རང་སྐྱོང་ལྗོངས་ཆབ་མདོའི་གཞི་རིམ་ལས་བྱེད་པའི་སློབ་སྦྱོང་ལྟ་སྐོར་ཚོགས་པ་པེ་ཅིང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པའི་ལྷུ་ཚིགས་གལ་ཆེན་ཡིན་པའི་ཆ་ནས། ཆབ་མདོ་ནས་ཡོང་བའི་གཞི་རིམ་ལས་བྱེད་པ་ཚོས་སྔ་རྗེས་སུ་ཅིང་ཏུང་ཧྥང་ལག་རྩལ་གསར་གཏོད་ལྟེ་གནས་དང་། མི་མེད་རླངས་འཁོར་གཏོང་བའི་འགྲེམས་ཁང་དེ་བཞིན་མི་གཟུགས་འཕྲུལ་མི་གསར་གཏོད་ལྟེ་གནས་བཅས་སུ་བསྐྱོད་དེ་རྒྱལ་ས་པེ་ཅིང་གི་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་གྲུབ་འབྲས་གསར་ཤོས་ཉམས་སུ་མྱོང་ཡོད།

ད་ཐེངས་ཀྱི་བྱེད་སྒོ་ནི་པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི“ཞིང་གསུམ”ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད། མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་སླད་ཡིན།

ཅིང་ཏུང་ཧྥང་ལག་རྩལ་གསར་གཏོད་ལྟེ་གནས་སུ། གཞི་རིམ་ལས་བྱེད་པ་ཚོས་སྔོན་ཐོན་བརྙན་ཤེལ་ལག་རྩལ་གྱི་ཉེར་སྤྱོད་གསར་ཤོས་ཤེས་རྟོགས་བྱས་པ་དང་། མི་མེད་རླངས་འཁོར་གཏོང་བའི་འགྲེམས་ཁང་དུ་ཚང་མས་རིག་ནུས་དྲ་སྦྲེལ་རླངས་འཁོར་ལས་བྱུང་བའི་ཕྱིར་ཐོན་འཕོ་འགྱུར་ལ་དངོས་སུ་ཉམས་ལེན་བྱས། མི་གཟུགས་འཕྲུལ་མིའི་གསར་གཏོད་ལྟེ་གནས་སུ། ལྟ་སྐོར་ཚོགས་པའི་ཁོངས་མི་མིག་མདུན་གྱི་གཟུགས་ལྡན་རིག་ནུས་ཀྱི་འགག་རྩའི་གཅིག་མཐུན་རང་བཞིན་གྱི་ལག་རྩལ་གནད་དོན་ཐག་གཅོད་བྱེད་པའི་ཚན་རྩལ་གྲུབ་འབྲས་ཀྱིས་ཡིད་དབང་རབ་ཏུ་འཕྲོག་ནས་འཕྲུལ་མི་དང་སྤེལ་རེས་ཡང་ཡང་བྱེད།

“སྔོན་མ་ཚན་རིག་ལགརྩལ་མཐོ་པོ་དེ་དག་ང་ཚོ་དང་བར་ཐག་ཧ་ཅང་རིང་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་བལྟས་རྗེས་སུ། གཞི་ནས་དེ་དག་ཞིང་ལས་དང་སྨན་བཅོས་སོགས་ཕྱོགས་གང་ཅིའི་ཐད་སྤྱོད་ཐུབ་པ་ཤེས་བྱུང”ཞེས་ཆབ་མདོའི་གཞི་རིམ་ལས་བྱེད་པ་ཞིག་གིས་ལྟ་སྐོར་བྱས་རྗེས་མྱོང་ཚོར་ཆེན་པོས་བཤད། ད་ཐེངས་ཀྱི་ལྟ་སྐོར་ལས་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། ཚན་རྩལ་གྱིས་དེང་རབས་ཞིང་ལས་ལ་མཐུན་རྐྱེན་སྦྱོར་བ་དང་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་དེ་བས་མཐོང་བྱུང་ཞེས་ཚང་མས་བཤད། ཁོང་ཚོས་རྒྱལ་སའི་སྔོན་ཐོན་བསམ་པ་དང་ཚན་རྩལ་གྱི་མཐོང་རྒྱ་ཆབ་མདོར་ཁྱེར་ནས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཕ་ཡུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།

འགྲུལ་བཞུད་བཀོད་སྒྲིག་གཞིར་བཟུང་རྗེས་ཀྱི་ཉིན་ཤས་ནང་། ལྟ་སྐོར་ཚོགས་པས་ད་དུང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་། ཞུང་ཨན་ཁུལ་གསར་སོགས་སུ་མུ་མཐུད་ལྟ་སྐོར་སློབ་སྦྱོང་བྱས་ནས་མེས་རྒྱལ་གྱི་འཕེལ་རྒྱས་གྲུབ་འབྲས་ཕྱོགས་ཡོངས་ནས་མྱོང་ཚོར་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་རེད།