འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་གོ་འཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་རོང་མར་གྲོང་གྲོང་ཚོ་དང་། ཁེ་རི་ཤང་དུ་ཡུལ་དངོས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས་གཞི་རིམ་ལས་དོན་སྒྲུབ་སྟངས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཆབ་མདོ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སྐྱ་འབེལ་ཤང་བསམ་གྲུབ་རོང་མི་རིགས་རིག་གནས་ལག་ཤེས་བཟོ་རྩལ་གླིང་དུ་ཆེད་ལས་མཉམ་ལས་ཁང་14གཅིག་སྡུད་བྱས་ཡོད་པ་དང་། སྟོད་སྨད་མཉམ་འགུལ་བྱེད་པའི་རྣམ་པ་རགས་ཙམ་ཆགས་ཡོད་པ་རེད།
ཀྲང་ལི་གླིང་ཁུལ་དུ་བསྐྱོད་དེ་ལག་ཤེས་ཐོན་རྫས་ཐོན་སྐྱེད་ལ་གཟིགས་ཞོར་དུ་མཉམ་ལས་ཁང་གི་གཉེར་སྐྱོང་རྣམ་པ་དང་། གློག་ཚོང་ཚོང་གཉེར། མང་ཚོགས་ལས་ཞུགས་འབབ་འཕར་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་བྱས་པའི་ཁར། 2026ལོའི་ལོ་སྟོད་དུ་མང་ཚོགས180ལྷག་ཙམ་ལ་སྒོ་རྩར་ལས་ཞུགས་བརྟན་པོ་ཐུབ་པར་སྐུལ་ཁྲིད་བྱེད་པ་ཤེས་རྗེས་ཁས་ལེན་གང་ལེགས་གནང་ཞིང་།
ཁོང་གིས་མཉམ་ལས་སྟོབས་ལྡན་ཡིན་མིན་གཙོ་བོ་སྣེ་ཁྲིད་པར་རག་ལས་ཡོད། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས“ཀྲི་པུའུ་དང་། ཐོན་ལས་གླིང་། མཉམ་ལས་ཁང་། ཞིང་དུད”བཅས་ཁེ་ཕན་ཟུང་འབྲེལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤུས་རྟགས་བཟོས་ནས་མང་ཚོགས་སྔར་ལས་མང་བ་ཡུལ་དངོས་སུ་ལས་ཞུགས་ཐུབ་པ་དང་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱེད་དགོས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་ཆེན་པོ་དང་འཚམ་པར་བྱས་ཏེ་དྲ་ཐོག་དང་དྲ་ཕྱིའི་གཅིག་གྱུར་ཅན་གྱི་ཚོང་གཉེར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་རྫས་ཀྱི་སྤུས་ཚད་ཚད་གཞི་ཡག་ཏུ་བཏང་ནས། སྤྱི་ཕན་ཞིང་རོགས་ཀྱི་ཕྱི་ཕྱོགས་འགྲེམས་སྟོན་སྐར་ཁུང་བཟོ་བ་དང་། ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དམངས་ཕྱུག་ཐོན་ལས་དང་རིག་གནས་བཀྲག་མདངས་འཚེར་སར་བསྒྱུར་དགོས་ཞེས་ནན་བཤད་གནང་བ་རེད།
ཁེ་རི་ཤང་དུ་ལས་གནས་བརྟན་སྲུང་བྱེད་མཁན་གཞི་རིམ་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་ཀྲང་ལི་ཡིས་དུས་ཆེན་གྱི་འཚམས་འདྲི་ཞུས་པ་མ་ཟད། གཞི་རིམ་བཅོས་སྐྱོང་དང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་བྱེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཞི་རིམ་བདེ་འཇགས་བྱུང་ན་ཁྱོན་ཡོངས་བདེ་འཇགས་ཡོང་བ་དང་། གཞི་རིམ་བརྟན་ལྷིང་བྱུང་ན་ཁྱོན་ཡོངས་བརྟན་ལྷིང་ཡོང་བ་ཡིན། སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས་ལ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས། འཐབ་ནུས་ཆེ་རུ་ཏན་ཏིག་གཏོང་དགོས། བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་འཁུར་དགོས་ཤིང་།“འཕྱུགས་པ་གཏན་ནས་མེད་པ་དང་གཅིག་འཕྱུགས་ན་ཐམས་ཅད་ཕུང་བའི” ལས་ཀའི་ཚད་གཞི་ལྟར། སྔོན་ལ་ལས་ཀའི་འཐབ་ཇུས་ཡག་པོ་བཟོས་ནས་རང་འགུལ་ངང་ལས་ཀ་ཡག་པོ་བྱེད་ཅིང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་རྣམ་པ་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་ཤིང་། འགལ་ཟླ་དང་མངོན་མེད་རྐྱེན་ངན་རྩ་ཆོད་ཆེ་མོ་དང་། ཞིབ་བཤེར་ཆེ་མོ། བརྟན་འཛིན་ཆེ་མོ། འདུམ་འགྲིག་ཆེ་མོ་བཅས་སྤེལ་ཏེ། སྔ་ཙམ་དང་ཆུང་ཙམ་ནས་འཛིན་ཞིང་རྐྱེན་རྩ་ཆུང་ལྡོག་བྱེད་པ་དང་། རིགས་དབྱེ་དོན་འཁྱོལ་དང་འབེན་གཏད་ཤུགས་འདོན་གྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སེལ་ཏེ་དོན་ཆུང་གྲོང་ཚོར་མི་ཐོན་པ་དང་། དོན་ཆེན་གྲོང་རྡལ་ལ་མི་ཐོན་པར་བྱས་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།
ཅཱ་ཤིན་ཡུས་དང་། ཀུའོ་ཅན་ཁང་བརྟག་ཞིབ་ནང་ཞུགས་ཡོད།

