འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྐབས་བརྗེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གི་ལས་དོན་ཁག་བགོས་སོགས་ཀྱི་ལས་ཀ་ལ་ཞིབ་འཇུག་བྱས་པ་རེད།
ལའོ་ཆིན་འུའུ་ཡིས་ལྷག་བསམ་རྣམ་དག་དང་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་ཐད་སྣེ་ཁྲིད་དེ་མིག་དཔེ་ཡག་པོ་འདོན་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དེ་ཁྲག་རྒྱུན་ནང་འདྲེས་པ་དང་བྱ་སྤྱོད་ཀྱི་ཐོག་ནས་མངོན་པར་བྱེད་དགོས།སྒྲིག་ཁྲིམས་ནན་སྲུང་དང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་པའི་ཐད་སྣེ་ཁྲིད་དེ་མིག་དཔེ་འདོན་དགོས་ཤིང་། གྲོས་དོན་དང་ཐབས་ཇུས་ཚད་ལྡན་ནན་པོ་བཟོ་བ་དང་། ཏང་ཙུའུ་ཡིས་ཁ་ཕྱོགས་སྟངས་འཛིན་དང་སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།“གལ་ཆེན་གསུམ་དང་འབོར་ཆེན་གཅིག”ལག་བསྟར་ནན་པོ་བྱས་ཏེ་ཐུན་མོང་འགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། ཚོགས་འདུའི་གཏན་འབེབས་བཅས་མཐའ་འཁྱོངས་བྱེད་དགོས། སྤྱོད་གཙང་གི་མཐའ་ཚད་བརྟན་སྲུང་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་བརྩི་སྲུང་ནན་པོ་ཞུ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ནན་པོ་སྲུང་བ། ལམ་ལུགས་ཀྱི་གཟེབ་དམ་དུ་གཏོང་བ། སྲིད་དོན་གཙང་སྐྱོང་གི་ཉེན་ཁ་སྔོན་འགོག་བཅས་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་། འགན་འཁུར་དངོས་སྒྲུབ་ཀྱིས་དམངས་ལ་ཞབས་འདེགས་ཞུ་བའི་ཐད་སྣེ་ཁྲིད་དེ་མིག་དཔེ་འདོན་དགོས་ཤིང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བསྐྱེད་པ་དང་ལག་ལེན་བསྟར་བ། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ། དམངས་འཚོར་ཕན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་སྒྲུབ་པ་བཅས་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་སྲུང་སྐྱོང་དང་སེམས་ནུས་གཅིག་སྒྲིལ་གྱིས་ལས་སྒྲུབ་ལས་གཏོད་བྱེད་པའི་ཐད་སྣེ་ཁྲིད་དེ་མིག་དཔེ་འདོན་དགོས་ཤིང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། སྙིང་གཏམ་ཤོད་རེས་བྱེད་པ། དུས་ཐོག་ཏུ་བསམ་འཆར་བརྗེ་རེས་བྱེད་པ། མི་མཐུན་ས་སེལ་བ་བཅས་བྱས་ཏེ་མཐུན་སྒྲིལ་ཞི་མཐུན་དང་། ལས་སྒྲུབ་ལས་གཏོད། སྤྱོད་བཟང་གཞུང་དྲང་བཅས་ཀྱི་རྣམ་པ་བཟང་པོ་གཏོད་པ། ཚན་ཁག་གི་མཐུན་སྒྲིལ་ལ་བརྟེན་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་བྱེད་དཔུང་ཁག་གི་སྙིང་སྟོབས་ཆེར་སྐྱེད་བཅས་བྱས་ནས་འགག་སྒྲོལ་དཀའ་སེལ་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་བླང་བྱ་བཏོན་པ་རེད།

