国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月06日

ཀྲང་ལི་ཡིས་སྐབས་གསར་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཚན་ཁག་དང་མཉམ་སྡེབ་བཀའ་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས28ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་སྐབས་གསར་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཚན་ཁག་དང་མཉམ་སྡེབ་བཀའ་མོལ་གནང་བ་རེད།

ཀྲང་ལི་ཡིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་ཚན་ཁག་གི་ལས་གནས་ནི་འགག་རྩ་ཡིན་པ་དང་། འགན་འཁྲི་ལྕི་བ་ནི་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“སྣེ་ཁྲིད་མཁན”ཞིག་ཡིན། རྩ་འཛུགས་ཀྱི་ཡིད་ཆེས་དང་། མི་དམངས་ཀྱི་མངགས་བཅོལ་ལ་གཅེས་སྤྲས་བྱས་ཏེ། གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་པ་དང་། འགན་འཁྲི་གཙང་སྒྲུབ། དམ་པ་དོན་གཉེར་བཅས་བྱས་ནས། རྒྱང་ལམ་གསར་པའི་ཐོག་གྲུབ་འབྲས་གཡུར་དུ་ཟ་བའི་རྒྱུགས་ལན་འབུལ་དགོས་ཞེས་བསྟན།

ཀྲང་ལི་ཡིས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཐད་རང་དཔེ་གཞན་སྟོན་དང་དཔེ་སྟོན་སྐུལ་ཁྲིད་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་ནས་བློ་བསྒྲིལ་སེམས་བསྐྱེད་རྒྱུན་ཆད་མེད་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ཡག་པོ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་།ཆབ་སྲིད།བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་རང་དཔེ་གཞན་སྟོན་དང་དཔེ་སྟོན་སྐུལ་ཁྲིད་བྱས་ནས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པའི་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་རྐང་དུ་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་སྟེ། འགལ་ཟླའི་གནོད་སྐྱོན་རྐྱེན་ངན་འབུར་འཇོམས་བྱེད་པ་དང་། ཞིབ་བཤེར་ཆེན་པོ། ཚོད་འཛིན་བརྟན་པོ། སེལ་ཐབས་ཆེན་པོ་བཅས་ཀྱི་ལས་དོན་གང་ལེགས་བསྒྲུབ་ནས།“གནད་དོན་མི་ལྷག་པ་ལྔ”མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རང་དཔེ་གཞན་སྟོན་དང་དཔེ་སྟོན་སྐུལ་ཁྲིད་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཞིབ་ཚགས་དང་ཆ་ཚང་བ། ཕྱོགས་ཡོངས་བཅས་བྱེད་པར་སྣེ་ཁྲིད་བྱས་ཏེ།འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞུགས་པ་དང་མཉམ་འདྲེས་བྱས་ནས། གྲོང་ཨུད་ཀྱི་བཀོད་སྒྲིག་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱེད་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་ཆབ་མདོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དམངས་འཚོ་བདེ་སྐྱིད་ལ་ཤུགས་སྣོན་རྒྱག་པའི་ཐད་རང་དཔེ་གཞན་སྟོན་དང་དཔེ་སྟོན་སྐུལ་ཁྲིད་བྱས་ནས། སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་སྣེ་ཁྲིད་བྱས་ཏེ། “གཞི་རིམ་དུ་བསྐྱོད་པ་བཞིའི་”ལམ་ལུགས་དོན་འཁྱོལ་བྱེད་པ་དང་། མང་ཚོགས་ཀྱི་དཀའ་ངལ་དང་དཀའ་སྡུག་གི་གནད་དོན་ཐག་གཅོད་གང་ཐུབ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་འཛུགས་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་རང་དཔེ་གཞན་སྟོན་དང་དཔེ་སྟོན་སྐུལ་ཁྲིད་བྱས་ནས། ཁྲིམས་སྐྱོང་ལ་གོང་བཀུར་དང་། ཁྲིམས་ལུགས་ལ་གུས་བཀུར་བྱེད་པའི་སྣེ་ཁྲིད་བྱས་ཏེ། ཁྲིམས་སྐྱོང་ལམ་སྲོལ་ཐོག་ནས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། “ཁྲིམས་ཁང་དང་ཞིབ་དཔྱོད་ཁང་”གཉིས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་རང་དཔེ་གཞན་སྟོན་དང་དཔེ་སྟོན་སྐུལ་ཁྲིད་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་འཁུར་བར་སྣེ་ཁྲིད་བྱས་ཏེ། རང་གཅུན་ནན་པོ་དང་། རང་འགན་ནན་སྒྲུབ། བདག་སྐྱོང་ནན་པོ་བཅས་བྱས་ནས་སྒྲིག་ཁྲིམས་ནན་པོའི་སྒོ་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་དགོས་པ་བཅས་ཀྱི་ནན་གསུང་གནང་བ་རེད།

ཀྲང་ལི་ཡིས་གྲོང་ཨུད་ཀྱི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང“ཁང་གཉིས”ཀྱི་ལས་དོན་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱས་ཏེ། མི་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། མི་ཀུན་གྱི་རེ་བ་ཆུད་ཟོས་སུ་མི་བཏང་བར་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་བརྩམ་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཚོགས་འདུའི་ཐོག གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་གནང་བ་རེད།