འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས28ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་ཉི་མ་ཚེ་རིང་གིས་ཚོགས་འདུར་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།
ཚོགས་འདུར་ཕེབས་དགོས་པའི་ཨུ་ཡོན49ཡོད་པ་ལས་དངོས་སུ་ཨུ་ཡོན47ཕེབས་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་ཡོད།
ཚོགས་འདུའི་ཐོག་གྲོང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་མི་དོན་སྐོར་གྱི་དོན་ཚན་གསལ་བཤད་ལ་གསན་པ་དང་།《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ》དང་།《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ཆོད་དོན》《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གསུམ་པའི་དྲུང་ཡིག་གཞོན་པའི་མཚན་ཐོ》《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ཀྱི་མཚན་ཐོ》སོགས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་རེད།
ཉི་མ་ཚེ་རིང་གིས་བླང་བྱ་བཏོན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་གསར་པས་ལྷག་བསམ་རྣམ་དག་ཡིན་པའི་ཆབ་སྲིད་ཀྱི་མིག་དཔེ་བསྟན་དགོས་ལ། སྤྱི་ཡོངས་ལ་བསམ་བློ་གཏོང་བའི་ཇུས་འདོན་གྱི་མིག་དཔེ་བསྟན་པ་དང་། སེམས་ནུས་གཅིག་ཏུ་སྒྲིལ་བའི་མཐུན་སྒྲིལ་གྱི་མིག་དཔེ་བསྟན་པ། གཞི་རིམ་དུ་གཞི་ཚུགས་པའི་དམངས་ཕན་གྱི་མིག་དཔེ་བསྟན་པ། རང་གཅུན་ནན་པོར་བྱེད་པའི་སྤྱོད་ཚུལ་གྱི་མིག་དཔེ་བསྟན་དགོས། ལྷག་བསམ་རྣམ་དག་གི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་དམ་པ་དོན་གཉེར་གྱི་འགན་འཁྲི་འཁུར་སེམས། མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་ཉམས་འགྱུར་བཅས་ཀྱི་ཐོག་ནས། ཐུན་མོང་གི་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་མཉམ་བསྡུས་བྱས་ཏེ། དུས་རབས་གསར་པར་ཆབ་མདོའི་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་ལེའུ་གསར་པ་གཏོད་དགོས།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝེས་དབང་ནེང་དང་། ཚེ་རིང་། ཁང་ཅེ་རུང་། ཝང་ཚེ་འཕེལ། ཁྲང་ཧུང་ཆང་། པ་སངས་ཚེ་རིང་། ལི་ཅིན། བཀྲ་ཤིས་དོན་གྲུབ། ཀོ་ཅན་ཁང་བཅས་ཚོགས་འདུར་ཕེབས་པ་རེད།

