国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月02日

ཆབ་མདོ་གྲོང་ཁྱེར་སྲིད་གྲོས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོ་གྲོལ་བ།

ཟླ9ཚེས28ཉིན། ཆབ་མདོ་གྲོང་ཁྱེར་སྲིད་གྲོས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཁ་རུབ་ཏུ་གྲོལ་བ་རེད། འདི་ནི་ཚོགས་རའི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས28ཉིན། ཆབ་མདོ་གྲོང་ཁྱེར་སྲིད་གྲོས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཁ་རུབ་ཏུ་གྲོལ་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་ཉི་མ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཝེས་དབང་ནེང་དང་། ཚེ་རིང་། ཁང་ཅེ་རུང་། ཝང་ཚེ་འཕེལ། ཁྲང་ཧུང་ཆང་། པ་སངས་ཚེ་རིང་། ལི་ཅིན། བཀྲ་ཤིས་དོན་གྲུབ། ཀོ་ཅན་ཁང་སོགས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྫོང་ལོ་བྱམས་པ་མཁས་གྲུབ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་དེ་བཞིན་གྲོང་ཨུད་དང་གྲོང་ཁྱེར་དམངས་འཐུས། གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་ལས་ཐོག་གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་སྲིད་གྲོས་སྐབས་གཉིས་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དག་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད།

ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན261ཡོད་པ་ལས་དངོས་སུ་མི248ཕེབས་ཡོད་པ་དེ་ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན་ཡོད།

ཚོགས་ཆེན་ཐོག་སྲིད་གྲོས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་གྲོས་གཞིའི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། སྲིད་གྲོས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད། སྲིད་གྲོས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་གཞི་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སྒྲོན་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཀྲང་ལི་ཡིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་གསར་དུ་བདམས་པའི་བློ་མཐུན་རྣམས་ལ་སྤྲོ་སེམས་འཁོལ་པོས་ངང་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ཚོགས་འདུའི་རིང་ཨུ་ཡོན་ཡོངས་ཀྱིས་རང་འགན་གཙང་སྒྲུབ་དང་གྲོས་མོལ་སྲིད་གླེང་ཟབ་རྒྱས། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ནས། རབ་ཏུ་འཁོལ་བའི་ཆབ་སྲིད་ཀྱི་སྤྲོ་སེམས་དང་སྤོབས་པས་ཕྱུག་པའི་བསམ་པའི་ཉམས་འགྱུར། རྣམ་པར་བསྐྱེད་པའི་འགན་འཁྲི་འཁུར་སེམས་བཅས་ཆེས་ཆེར་མངོན་ཡོད། ཚོགས་འདུ་ཡིས་ཐོག་མཐའ་བར་གསུམ་དུ་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ་དང་འབད་འབུངས་བཅས་ཀྱི་རྣམ་པས་ཁེངས་ཤིང་། དར་ཆ་མཐོར་སྒྲེང་དང་མཐུན་སྒྲིལ་དམངས་གཙོ། དམ་པ་དོན་གཉེར། འབད་འབུངས་ཡར་བརྩོན་བཅས་ལ་ཕྱོགས་པའི་ཚོགས་ཆེན་ཞིག་ཡིན་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཐུབ་ངེས་རེད་ཅེས་བསྟན།

ཀྲང་ལི་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་དང་གསར་འབྱེད་ཡར་བརྩོན་བྱས་ཏེ། གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་གཏན་ལ་ཕབ་པའི་བཀོད་སྒྲིག་གཞིར་བཟུང་།“དོན་ཆེན་བཞིར”དམིགས་པ་དང“གཏོད་དགོས་པ་གསུམ”གྱི་སྤྱིའི་ངེས་གནས་གཞི་རྩ་འཛིན་པ།“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བ་དང“ལྔ་ལྡན་ཆབ་མདོ”གཏོད་པའི་ལག་ལེན་ནང་ཧུར་ཐག་ཞུགས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། ལྷག་བསམ་གྱི་བླ་སྲོག་ཞུན་བརྡར་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ཇི་བཞིན་དོན་འཁྱོལ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོའི་ཁྲོད་སྲིད་གྲོས་ཀྱི་ཚུགས་གནས་མངོན་པར་བྱ་དགོས། དམངས་ཕན་གྱི་བསམ་བློ་རྟག་ཏུ་འཆང་བ་དང་དམངས་ཀྱི་བསམ་འདུན་ཉན་པ། དམངས་འཚོར་ཕན་འདོགས་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཏེ། རྩ་དོན་གྱི་འདུ་ཤེས་ལག་ལེན་བསྟར་བའི་ཁྲོད་སྲིད་གྲོས་ཀྱི་བརྩེ་བ་སྐྱོང་དགོས། འགན་འཁྲི་སྒྲུབ་པའི་རྨང་གཞི་བརྟན་དུ་བཏང་ནས་རྒྱུན་སྲིང་ལྷོད་མེད་ངང་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་འཇོན་ཐང་ཆེ་རུ་གཏོང་བ། སྤྱོད་ཚུལ་ནན་དུ་གཏོང་བ་བཅས་བྱས་ཏེ། སྲིད་གྲོས་ལ་ཆ་རྒྱུས་ཡོད་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་ལ་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན། ཀུན་སྤྱོད་ལ་མཐོང་ཆེན་ཡོད་པའི་སྲིད་གྲོས་ཀྱི་ལས་དོན་དཔུང་ཁག་ཅིག་བཏོད་དེ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ནས་སྲིད་གྲོས་ཀྱི་མཚན་སྙན་ལ་སྲུང་སྐྱོང་བྱ་དགོས་པའི་ནན་བཤད་གནང་ཡོད།

ཀྲང་ལི་ཡིས་གྲོང་ཨུད་ཀྱིས་སྔར་བཞིན་སྲིད་གྲོས་ཀྱི་ལས་དོན་ལ་མཐོང་ཆེན་དང་ཐུགས་ཁུར་རྒྱབ་སྐྱོར་གནང་མུས་ཡིན་ལ། སྲིད་གྲོས་ཀྱིས་འགན་འཁྲི་སྒྲུབ་པར་མཐུན་རྐྱེན་བཟང་པོ་བསྐྲུན་ཞིང་འགན་སྲུང་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྲིད་གྲོས་ཀྱི་ལས་དོན་འགངས་ཆེ་སར་བཞག་ནས། རང་རྟོགས་ཀྱིས་དམངས་གཙོའི་ལྟ་སྐུལ་དང་ལེན་ཞུ་རྒྱུ་དང་སྲིད་གྲོས་ཀྱི་གྲོས་གཞི་ནན་ཏན་གྱིས་བསྒྲུབས་ཏེ། རིམ་ཁག་སྲིད་གྲོས་ཀྱི་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྣམས་ལ་ཆབ་སྲིད་ཀྱི་གོ་གནས་ཡོད་པ་དང་ཤུགས་འདོན་ས་ཡོད་པ། ལས་རྗེས་ཐོན་པ་བཅས་བྱ་དགོས་ཞེས་གསུངས།

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་བ་རེད།