འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས29ཉིན། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཁ་རུབ་ཏུ་རྒྱལ་ཁའི་ངང་གྲོལ་བ་རེད།
ཐེངས་འདིའི་ཚོགས་ཆེན་ཐོག་ཕེབས་དགོས་པའི་འཐུས་མི258ཡོད་པ་ལས་དངོས་སུ་མི239ཕེབས་ཡོད་པས་ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཚོགས་འདུ་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆིས་ཡན་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་རེད། སྒྲོལ་དཀར་དང་། བསོད་ནམས་དར་རྒྱས། ཅང་ཅན་ཕིང་། ཡེ་ཤེས་ཆོས་འཕེལ། བློ་བཟང་རྒྱལ་མཚན། མའོ་ཀང་། ཝང་ཀྲིན་ཐའོ། ཀྲང་ཅིན་ཧྥུང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད། ལའོ་ཆིན་འུའུ་དང་། ཐང་ཧའོ། ལི་ཧྲུའུ་གོ ཧོང་ཅན་གོ ཁྲེང་ཀང་། ཅཱ་ཤིན་ཡུས། ཤེར་ཝུན་ཀོང་། ཝེས་དབང་ནེང་། ཝུའུ་ཅན། ཝང་ཧྲི་ཡུས། པད་མ་བཀྲ་ཤིས་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་དང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།
ཚོགས་ཆེན་གྱིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཀྲང་ལི་ཡིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པ་དང་དེའི་རྒྱུན་ལས་ཨུ་ལྷན་དང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སོགས་ཀྱིས་ལེགས་སྐྱེས་ཧུར་ཐག་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས་ཚོགས་འདུའི་རིང་འཐུས་མི་ཚོས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལེགས་སྒྲུབ་བྱས་པ་དང་ཁྲིམས་ལྟར་དབང་ཆ་བེད་སྤྱད་དེ་ཐུན་མོང་ཐོག་ཚོགས་ཆེན་དེ་དར་ཆ་མཐོན་པོར་བསྒྲེངས་བ། སྲོག་ཤིང་ལ་བརྩི་བཀུར་ཞུ་བ། བསམ་བློ་གཅིག་གྱུར། སེམས་ནུས་གཅིག་སྒྲིལ། མཐུན་སྒྲིལ་དམངས་གཙོ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོགས་པ་དེས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྔར་བས་སྐུལ་ལྕག་ཐེབས་ངེས་རེད་ཅེས་གསུངས་པ་རེད།
ཀྲང་ལི་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་བསམ་བློ་དང་བྱ་སྤྱོད་གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་ཅིང་། དམ་འཛིན་དངོས་སྒྲུབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་རྩོམ་པའི་ནང་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པ་བྱེད་དགོས། ཆབ་སྲིད་ཐོག་ལ་བློ་དཀར་སེམས་དཀར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “དོན་ཆེན་བཞི”ལ་དམ་པོར་དམིགས་པ། “གཏོད་དགོས་པ་གསུམ”གྱི་སྤྱིའི་ངེས་གནས་ལ་དམིགས་པ། “མདུན་གྲལ་དུ་སླེབས་པ་བཞི”ལ་སྐུལ་འདེད་གཏོང་བ། “ལྔ་ལྡན་ཆབ་མདོ”གཏོད་པའི་དམིགས་ཚད་ལས་འགན་ལ་དམིགས་པ་བཅས་བྱས་ཏེ། བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། ཁྲིམས་ལྟར་གཏན་འཁེལ་བའི་འགན་འཁྲི་སྒྲུབ་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས། གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་གང་དུ་བཀོད་སྒྲིག་བྱས་ཚེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གར་རྗེས་སྙེག་ཐུབ་པ་དང་། སྟོབས་ཤུགས་དེ་གར་གཅིག་ཏུ་བསྡུས་ནས་ནུས་པ་དེ་གར་འདོན་སྤེལ་ཐུབ་པ་བྱེད་དགོས། དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་བྱེད་པ་དང་། ཏང་དང་མང་ཚོགས་ཀྱི“སེམས་སྦྲེལ་ཟམ་པ”ཡག་པོ་འཛུགས་པ། དམངས་འདོད་ཀྱི“ཐད་གཏོང་རླངས་འཁོར”ཤར་གཏོང་བྱེད་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་དང་འཕེལ་རྒྱས་ཀྱི་གྲོས་འགོ་དེ་ཁྲིམས་ཀྱིས་གཏན་འཁེལ་བའི་ཚད་གཞི་དང་མཐུན་པའི་གྲོས་གཞི་དང་གྲོས་འགོར་སྒྱུར་བ། ས་གནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་དངོས་སྒྲུབ་བྱ་ཐབས་སུ་སྒྱུར་བ་བཅས་བྱས་ཏེ། ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “ལས་ཁུངས་བཞིའི”ངེས་གནས་དང་བསྡུར་ནས་སྤྱོད་ཚུལ་དང་། ལམ་ལུགས། དཔུང་ཁག་བཅས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། ཆབ་སྲིད་བརྟན་པོ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་ལ་བརྩི་བཀུར་ཞུ་བ། དམངས་གཙོ་དར་སྤེལ་གཏོང་བ། སྙིང་རུས་ཆེན་པོས་འགན་འཁྲི་འཁུར་བ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཀྲང་ལི་ཡིས་གྲོང་ཨུད་ཀྱིས་སྔར་རྒྱུན་བཞིན་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཐུགས་ཁུར་དང་མཐོང་ཆེན་བྱས་ཏེ། རིམ་ཁག་མི་དམངས་འཐུས་ཚོགས་དང་འཐུས་མིས་རང་འགན་གཙང་སྒྲུབ་བྱ་རྒྱུར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན། “གཞུང་གཅིག་ཨུད་གཅིག་ཁང་གཉིས”ཀྱིས་རྩ་ཁྲིམས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། རང་རྟོགས་ངང་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་གྲོས་ཆོད་དང་ཆོད་དོན་ལག་བསྟར་ནན་ཏན་བཅས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་མདུན་དུ་སྤེལ་དགོས་ཞེས་གསུངས་པ་རེད།
རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་བ་རེད།

