国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月02日

རང་རེའི་གྲོང་ཁྱེར་གྱིས་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་འདས་མཆོད་བྱེད་སྒོ་སྤེལ་བ།

ཟླ་9ཚེས་30ཉིན། ཆབ་མདོ་གྲོང་ཁྱེར་གྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་བྱེད་སྒོ་སྤེལ་ཞིང་། འདི་ནི་ཀྲང་ལི་ཡིས་མེ་ཏོག་སི་རའི་དར་འཛར་སྲོང་སྐྱོར་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས30ཉིན་ནི་ཀྲུང་གོའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོ་རེད། སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་གྲོང་ཁྱེར་ཡོངས་ཀྱིས་དཔའ་བོའི་བང་སོ་ར་བར་འདས་མཆོད་ཀྱི་བྱེད་སྒོ་སྤེལ་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་དང་།གྲོང་ཁྱེར་མི་དམངས་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས།

ཁྲིམས་ཁང་དང་ཞིབ་དཔྱོད་ཁང་བཅས་ཀྱི་འགོ་ཁྲིད་བློ་མཐུན་རྣམས་ཁྲིད་དེ། ཆབ་སྡོད་དམག་དཔུང་གི་འཐུས་མི། ལས་བྱེད་ལས་བཟོ། སློབ་གྲྭའི་སློབ་མ། དགོན་སྡེའི་གྲྭ་བཙུན། གྲངས་ཉུང་མི་རིགས་ཀྱི་འཐུས་མི་སོགས་ལྷན་དུ་འཛོམས་ནས། ཆབ་མདོའི་བཅིངས་འགྲོལ་བྱ་གཞག་དང་དམངས་གཙོའི་བཅོས་བསྒྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དོན་དུ་རང་སྲོག་འབེན་ལ་བཙུགས་པའི་སྔོན་གཤེགས་དཔའ་བོ་ཡོངས་ལ་མེ་ཏོག་གི་མཆོད་པ་ཕུལ་ནས་མྱ་ངན་ཞུས་པ་རེད། ལུའོ་ཆིང་ཝུའུ་དང་ཐང་ཧབ། ལི་ཧྲུའུ་གོ ། ཧོང་གོ་ཅན། ཆིས་དབྱིན་ཧའེ། ཁྲེང་ཀང་། ཅཱ་ཤིན་ཡུས། ཤེར་ཝུན་ཀོང་། ཝེས་དབང་ནེང་། ཝུའུ་ཅན། ཝང་ཧྲི་གཡུས། ཅིན་རིན་ཧུས་སོགས་འགོ་ཁྲིད་རྣམས་བྱེད་སྒོར་ཕེབས་ཡོད། ཟུས་ཁྲེང་ཡུས་ཀྱིས་མཛད་སྒོར་གཙོ་སྐྱོང་གནང་བ་རེད།

ཆབ་མདོའི་སྔོན་གཤེགས་དཔའ་བོའི་བང་སོ་ར་བའི་ནང་སྔོ་ལྗང་ལྗོན་ཤིང་གིས་མཐའ་ནས་བསྐོར་ཞིང་། སྔོན་གཤེགས་དཔའ་བོའི་རྡ་རིང་གི་རྩེ་མོ་དགུང་ལ་བསྙེགས་པའི་ངོས་སུ་གསར་བརྗེའི་སྔོན་གཤེགས་དཔའ་བོ་བསྐལ་བརྒྱར་བརྟན་པར་ཤོག་ཅེས་པའི་ཡི་གེ་རྣམས་ཉི་མའི་གཟི་བྱིན་འོག་ནས་ལྷམ་མེར་མངོན།

སྔ་དྲོའི་ཆུ་ཚོད་བཅུ་པ་ཏག་ཏག་ལ། རྔམ་ཟིལ་རྒྱས་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་དབྱངས་དང་བསྡོངས་ནས། ཚང་མས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་ལེན་བྱས་པ་རེད།

རྒྱལ་གླུ་ལེན་ཚར་རྗེས། ཚང་མ་ངག་སྒོ་བསྡམས་ནས་སྔོན་གཤེགས་དཔའ་བོ་རྣམས་ལ་མྱ་ངན་ཞུས་པ་དང་།

མྱ་ངན་ཞུས་ཚར་རྗེས། གདོང་ལེན་རུ་མིས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྗེས་འཛིན་པ་ཡིན》ཞེས་པའི་གླུ་གཞས་ལེན་ནས། ཕྲ་ལ་མཉེན་པའི་གླུ་སྐད་ངག་ཏུ་དྲངས་ནས་བློ་དཀར་གཞུང་དྲང་གི་སྔོན་གཤེགས་དཔའ་བོའི་ཚོགས་ལ་གླུ་ཡི་མཆོད་པ་ཕུལ་ཏེ། དུས་རབས་གསར་པའི་གཞོན་ནུ་ཚོས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཆོད་སེམས་ཀུན་ནས་མངོན་ཡོད།

《མེ་ཏོག་མཆོད་གླུའི》འགྱུར་ཁུགས་ཀྱི་ཀློང་ནས་གུས་དམག་རྣམས་ཀུན་གྱི་སྤྱན་ལམ་ནས་གྲལ་དག་འགྲིག་གཙང་གི་གོམ་སྟབས་མདུན་ལ་བསྲིངས་ཏེ་མེ་ཏོག་གི་མཆོད་པ་རྗེས་དྲན་རྡོ་རིང་གི་གདན་ཁྲིའི་མདུན་ལ་བཞག་པ་རེད།

ཀྲང་ལི་དང་ལུའོ་ཆིང་ཝུའུ། ཆིས་དབྱིན་ཧའེ། ཝེས་དབང་ནེང་སོགས་བློ་མཐུན་རྣམས་གོམ་སྟབས་བརླིང་པོས་མེ་ཏོག་གི་མཆོད་པར་ཕྱོགས་ཏེ། གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་བླ་ན་མེད་པའི་གུས་འདུད་དང་བཅས་མྱ་ངན་ཞུས་པ་རེད།

ཀྲང་ལིའི་སྣེ་ཁྲིད་འོག་བློ་མཐུན་རྣམས་མཐའ་ནས་བསྐོར་ཏེ་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མོས་གུས་ཞུས་པ་དང་། དམག་དཔོན་ཝང་ཆི་མེན་གྱི་བང་སོའི་མདུན་ནས་ཀྲང་ལི་ཡིས་བློ་མཐུན་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུད་ལ་བླངས་ཏེ་འབད་འབུངས་ཡར་བརྩོན་གྱིས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གྱི་དོན་དུ་དཀའ་སྤྱབ་འབད་འཐབ་བྱ་རྒྱུའི་དམ་བཅའ་ཁས་བླང་གནང་བ་རེད།

འདས་མཆོད་བྱེད་སྒོ་ཚར་རྗེས། ཀྲང་ལི་ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཁང་དུ་ཕེབས་ནས། ཆབ་མདོའི་གཡུལ་འགྱེད་དང་ལམ་གཉིས་འཛུགས་སྐྲུན། དམངས་གཙོའི་བཅོས་བསྒྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་སོགས་ཀྱི་ལོ་ཟླར་ཕྱིར་དྲན་དང་བཅས་སྔོན་གཤེགས་དཔའ་བོ་རྣམ་པའི་སྙིང་སྟོབས་རང་རྒྱུད་ལ་བླངས་ཏེ་དུས་རབས་གསར་པའི་ཡར་སྐྱེད་ཀྱི་སྟོབས་ཤུགས་ཀུན་ནས་བསྐྱེད་ཡོད་པ་རེད།

ཀྲང་ལི་ཡིས་ནན་གསུང་གནང་དོན། ཆབ་མདོ་ནི་དཔའ་བོ་གསེར་རིའི་ཕྲེང་བ་ལྟར་བྱོན་པའི་གྲོང་ཁྱེར་ཞིག་རེད། གསར་བརྗེའི་དཔའ་བོའི་རྗེས་དྲན་ཁང་གྲ་རྒྱས་ཕུན་སུམ་ཚོགས་པས་གསར་བརྗེའི་དཔའ་བོ་རྣམ་པའི་སྙིང་སྟོབས་དར་སྤེལ་བྱ་དགོས་པ་དང་། ལས་བྱེད་དང་སློབ་མ། གྲྭ་བཙུན། མི་རིགས་དང་ཁྱབ་ཁོངས་ཁག་གི་འཐུས་མི་གང་མང་སྒྲིག་འཛུགས་བྱས་ཏེ། འདི་གར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མྱོང་དུ་བཅུག་ནས། ཚང་མ་ཕྱིའི་ཉམས་འགྱུར་གསར་ལ་ནང་གི་སེམས་པ་བཟང་སྐྱེད་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་གྱི་དོན་དུ་བློ་སྒྲིལ་སེམས་བསྐྱེད་བྱེད་པར་ཁྲིད་སྟོན་བྱ་དགོས་པ་དང་། གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་སྲུང་གི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུ་དང་། དམག་ཞབས་ཐིམ་པའི་དམག་མིའི་བྱ་གཞག་ལ་གྲུབ་འབྲས་ཡག་ཐོག་ཡག་བརྩེགས་ཡོང་བར་སྐུལ་འདེད་གཏོང་དགོས།

འདས་མཆོད་ཀྱི་བྱེད་སྒོར་ཞུགས་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་རྣམས་སེམས་པ་རབ་ཏུ་སྐྱོ་ཞིང་གདོང་ནས་ཆོད་སེམས་བྲག་ལྟར་བརྟན་པའི་ཉམས་འགྱུར་མངོན་ལ། ཚང་མས་ཁ་ཡོད་ལག་ཡོད་དང་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་སྔོན་གཤེགས་དཔའ་བོ་དམ་པ་རྣམས་ལ་འདས་མཆོད་ཞུ་རྒྱུ་དང་དགའ་སྐྱིད་ལྡན་པའི་མ་འོངས་གཏོད་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཉིན་དེར། རང་རེའི་གྲོང་ཁྱེར་གྱི་རྫོང་ཆུས་ཁག་གིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་གཟབ་བརླིང་ལྡན་པའི་མཛད་སྒོའི་ཐོག་ཏུ་སྔོན་གཤེགས་དཔའ་བོ་རྣམས་ལ་མྱ་ངན་ཞུས་པ་དང་། ཚང་མས་གསར་བརྗེའི་སྙིང་སྟོབས་གཅིག་ལག་གཅིག་རྒྱུན་དང་གོང་ནས་གོང་དུ་སྤེལ་ཏེ། དཔའ་བོར་སྐྱེས་པའི་མོས་གུས་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པའི་ལེའུ་གསར་པ་རྩོམ་པའི་སྒུལ་ཤུགས་རབ་ཏུ་བསྐྱེད་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།