འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷོ་རོང་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་ཐེངས་36པའི་བྱེད་སྒོ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་ཐང་ཆེན་དུ་སྤེལ་ཞིང་། རྫོང་ཨུད་རྩ་འཛུགས་པུའུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ། ཁྲིམས་འཛིན་ཅུད། སྤྱི་བདེ་ཅུད། ཁྲོམ་ར་ལྟ་སྡོམ་ཅུད་སོགས་ཚན་པ་10ལྷག་ཙམ་གྱིས་མཉམ་འབྲེལ་ཐོག་ས་ཚིགས་བཙུགས་ཏེ། བློ་འདྲི་སྟེགས་བུ་དང་། བོད་རྒྱ་སྐད་ཡིག་གཉིས་ཀྱི་དཔྱད་ཡིག ས་གནས་ས་ཐོག་ཏུ་དོགས་གཞིར་ལན་འདེབས་པ་སོགས་ཀྱི་ཐབས་ཤེས་སྤྱད་པ་བརྒྱུད། མང་ཚོགས་ལ་སྲིད་ཇུས་སྒྲོག་འགྲེལ་བྱས་ཤིང་ཞབས་འདེགས་ཞུས་པ་རེད། བྱེད་སྒོར་དཔྱད་ཡིག་2100ལྷག་ཙམ་སྤྲད་པ་དང་བློ་འདྲིའི་མི་ཐེངས་320ལྷག་ཙམ་ལ་སྣེ་ལེན་ཞུས་ནས། མི་རིགས་མཐུན་སྒྲིལ་ནང་མི་ཚང་མ་ཞུགས་པ་དང་མི་ཚང་མར་འགན་འཁྲི་ཡོད་པའི་རྣམ་པ་ཟབ་མོ་ཞིག་བཟོས་ཡོད་པ་རེད།

