国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年09月29日

གོ་འཇོ་རྫོང་གིས“སྐལ་བཟང་མེ་ཏོག་ཁྲིམས་ལུཌ་སྒྲོག་འགྲེལ་པའི”འགྲན་སྡུར་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གོ་འཇོ་རྫོང་ཁྲིམས་འཛིན་ཅུད་ཀྱིས“སྐལ་བཟང་མེ་ཏོག་ཁྲིམས་ལུགས་ཁྱབ་གདལ་གྱི་སྒྲོག་འགྲེལ་པའི”འགྲན་སྡུར་བྱས་ཤིང་། ཤང(གྲོང་རྡལ)དང་གྲོང་ཚོ(སྡེ་ཁུལ)ནས་ཡོང་བའི་གཞི་རིམ་གྱི་ཕུལ་བྱུང་ཁྲིམས་སྐྱོང་ལས་དོན་པ་8ཞུགས་ཡོད་པ་རེད། བདམས་ཐོན་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། དམངས་ཕན་སྲིད་ཇུས་སོགས་ལ་དམིགས་ནས་སྒྲོག་འགྲེལ་བྱས་ཤིང་། བབ་ཆགས་པའི་སྐད་ཆ་དང་གྱོད་དཔེ་ངོ་མར་བརྟེན་ནས་ཁྲིམས་སྐྱོང་གི་དགོངས་དོན་ལ་རྒྱས་བཤད་བྱས་པ་རེད། འགྲན་སྡུར་དེ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཚོགས་ཆུང་དང་བོད་སྐད་ཡིག་ཚོགས་ཆུང་གཉིས་སུ་དབྱེ་ཡོད་ལ། ཚོགས་ཆུང་རེ་རེར་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་དང་དེ་བཞིན་ཕུལ་བྱུང་བྱ་དགའ་བཅས་རེ་རེ་བདམས་ཐོན་བྱུང་ཡོད།