འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། དཔལ་འབར་རྫོང་མི་དམངས་སྨན་ཁང་གིས་ཧྥུའུ་ཅན་གྱི་བོད་སྐྱོར་སྨན་བཅོས་ཆེད་ལས་མཁས་པའི་ཚོགས་པ་དང་མཉམ་དུ་སྤྱི་ཕན་འོས་འགན་སྨན་བཅོས་ཀྱི་དམངས་ཕན་བྱེད་སྒོ་སྤེལ་བ་རེད། ས་གནས་ས་ཐོག་ཏུ་ཁོག་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག མིག་ནད་ཚན་ཁག ཁ་ནད་ཚན་ཁག མོ་ནད་ཚན་ཁག རྒན་རྒོན་གསོ་རིག་ཚན་ཁག ཀྲུང་ལུགས་གསོ་རིག་ཚན་ཁག་སོགས་ཀྱི་སྨན་བཅོས་ཆེད་ཁུལ་བཙུགས་ནས། མང་ཚོགས་ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་དང་། ནད་གཞི་བརྟག་དཔྱད། སྨན་སྤྱོད་མཛུབ་ཁྲིད་བཅས་བྱས་པ་མ་ཟད། ས་མཐོའི་རྒྱུན་མཐོང་ནད་དང་གཅོང་ནད་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། ལོ་ན་མཐོ་བ་དང་འགྲོ་སྐྱོད་སྟབས་བདེ་མེད་པའི་ཏང་ཡོན་རྒན་གྲས་ལ་དམིགས་ནས། སྨན་ཁང་གིས་རྐང་འཛིན་པ་དང་ཆེད་ལས་མཁས་པ་སྒྲིག་འཛུགས་བྱས་ཏེ། རྫོང་ཁུག་གྲོང་ཚོ་དང་མི་རིགས་ལམ་སྡེ་ཁུལ་དུ་བསྐྱོད་དེ། སྒོ་རྩར་སྨན་བཅོས་བྱས་ནས་དམིགས་བསལ་ཚོགས་སྤྱི་ལ་ཁྱིམ་ནས་ཐོན་མི་དགོས་པར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས་པ་རེད།

