འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས24ཉིན། ཟླ་མཆོད་དུས་ཆེན་སླེབས་ལ་ཉེ་བའི་མཚམས་སུ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཁྱེར་གྱི“ཚོགས་འདུ་གཉིས”ལ་ཞུགས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཁག་ཅིག་ལ་གཟིགས་པ་དང་འཚམས་འདྲི་བྱས་པ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
ཀྲང་ལི་ཡིས་འཐུས་མི་དང་ཨུ་ཡོན་རེ་རེ་བཞིན་ཕྱག་འཇུ་གནང་བཞིན་བྱམས་བརྩེའི་གླེང་མོལ་བྱས་ཏེ་ཚོགས་ཞུགས་གྲ་སྒྲིག་གི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བའི་ཁར། འཐུས་མི་དང་ཨུ་ཡོན་ཚོས་དུས་ཡུན་རིང་པོའི་ནང་འཐབ་ཕྱོགས་ཁག་དང་རང་གི་ལས་གནས་ཐོག་གཞི་ཚུགས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་ཧུར་ཐག་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཀྲང་ལི་ཡིས་རྒྱལ་ཁའི་ངང་གྲོལ་མ་ཐག་པའི་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག སླད་ཕྱིན་ལོ་ལྔའི་རིང་གི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་དང་། འབད་འཐབ་དམིགས་ཚད། གཙོ་གནད་ལས་འགན་བཅས་ཁ་གསལ་བཟོས་པ་དང་། འཚོགས་ཉེར་ཡོད་པའི་གྲོང་ཁྱེར་གྱི“ཚོགས་འདུ་གཉིས”ནི་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་བཀོད་སྒྲིག་ཁག་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བའི་འགག་རྩའི་ཚོགས་འདུ་ཞིག་ཡིན་པས། གོང་མཐུད་འོག་འདྲེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། འཐུས་མི་དང་ཨུ་ཡོན་ནི་ཆབ་མདོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ཡོད། ཚང་མས་གཟི་བརྗིད་ལ་གཅེས་སྤྲས་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཁོལ་བ་དང་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་ངང་བསྒྲུབ་སྟེ། གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དམངས་འཚོའི་དོ་ཁུར་བྱེད་སར་དམ་པོར་དམིགས་པ་དང་། དོན་དངོས་དང་མཐུན་པའི་གཏམ་མང་ཙམ་ཤོད་པ་དང་གོ་ཆོད་པའི་ཇུས་གཞི་མང་ཙམ་འདོན་པ། སྤུས་ཚད་མཐོ་པོས་ཚོགས་ཆེན་གྱི་ལས་འགན་ཁག་ལེགས་སྒྲུབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་རྩོམ་ཆེད་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་བ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན།
ཀྲང་ལི་ཡིས་འཐུས་མི་དང་ཨུ་ཡོན་ཚང་མ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་དང་གྲོང་ཁྱེར་གྱི“ཚོགས་འདུ་གཉིས”ཀྱི་དགོངས་དོན་དྲིལ་བསྒྲགས་པ་དང་དོན་འཁྱོལ་བྱེད་མཁན་ཡག་པོ་ཞིག་བྱས་ཏེ། རང་འགུལ་ངང་བསམ་བློ་དང་བྱ་སྤྱོད་གྲོང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས།“ཚོགས་འདུ་གཉིས”རིང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་ཁག་ནན་པོ་སྲུང་བ་དང་། དུས་ཐོག་ཏུ་ཚོགས་འདུར་ཞུགས་པ། ལས་འགན་ནན་ཏན་ངང་སྒྲུབ་པ་བཅས་ཀྱི་ཐོག་ནས་འཐུས་མི་དང་ཨུ་ཡོན་གྱི་གཟུགས་བརྙན་བཟང་པོ་མངོན་པ་བྱེད་དགོས། ཚོགས་འདུའི་ལས་དོན་ཚོགས་ཆུང་གིས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཚོགས་འདུ་བདེ་བླག་ངང་འཚོག་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།
ལུའོ་ཆིང་ཝུའུ་དང་། ལིས་གཡོད་ཧུང་། ཆིས་དབྱིང་ཧའེ། ཉི་མ་ཚེ་རིང་། ཅཱ་ཤིན་ཡུས་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

