འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་24ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཨུད་སྐབས་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱ་རྒྱུར་དམིགས་ནས། 《ཞི་ཅིན་ཕིང་གི་ཏང་འཛུགས་གསུང་རྩོམ་གཅེས་བསྒྲིགས》དང《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》གི་འབྲེལ་ཡོད་ནང་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། གྲོང་ཨུད་སྐབས་གསར་པའི་རྒྱུན་ཨུ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་གིས་གོ་བ་ནན་ཏན་ལེན་པ་དང་། སྣེ་ཁྲིད་དེ་ཆབ་སྲིད་ལ་བློ་དཀར་སེམས་དཀར་བྱེད་པ། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ་བཅས་བྱས་ཏེ། ཏང་གི་དར་ཆའི་འོག་མཐུན་སྒྲིལ་བྱས་ནས“སྲ་ཞིང་མཁྲེགས་པའི་ངར་ལྕགས་གཅིག”ཏུ་འགྱུར་བ་བྱས་ཏེ། གོམ་སྟབས་གཅིག་གྱུར་ངང་མདུན་དུ་སྐྱོད་པ་དང་འགོ་ཡག་པོ་འཛུགས་དགོས་ཞེས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་ཁྲོད“སྲུང་སྐྱོང་གཉིས”ལག་ལེན་བསྟར་ནས། ཏང་གི་དར་ཆ་དེ་དར་ཆ་བྱེད་པ་དང་། ཏང་གི་ཁ་ཕྱོགས་དེ་ཁ་ཕྱོགས་སུ་བྱེད་པ། ཏང་གི་འདོད་བློ་དེ་འདོད་བློར་བྱེད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་རིགས་ལ་མཐའ་གཅིག་ཏུ་དང་ལེན་ཞུ་བ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་རིགས་མཐའ་གཅིག་ཏུ་ལག་ལེན་བསྟར་བ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་རིགས་མཐའ་གཅིག་ཏུ་མི་བྱེད་པ་བཅས་བྱེད་དགོས། འགན་འཁྲི་ལེགས་སྒྲུབ་བྱེད་རིང“སྲུང་སྐྱོང་གཉིས”ལག་ལེན་བསྟར་ནས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་བཏོན་པའི“གཏོད་དགོས་པ་གསུམ”གྱི་སྤྱིའི་ངེས་གནས་ལ་དམིགས་ཏེ།“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བ་དང་། “ལྔ་ལྡན་ཆབ་མདོའི”དམིགས་ཚད་ལས་འགན་བཏོད་དེ། ཡུལ་བབ་ལ་བསྟུན་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེས་མི་རིགས་ཁག་གི་མང་ཚོགས་ལ་ཕན་ཐོགས་སྔར་ལྷག་ཡོང་བ་བྱེད་དགོས། རང་ངོས་དོ་དམ་ནན་པོ་བྱེད་པའི་ཐད“སྲུང་སྐྱོང་གཉིས”ལག་ལེན་བསྟར་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་སྒྲུབ་པ་དང་། གཞུང་སྒེར་དང་། དྲང་བདེན། ཡིན་མིན། བདེ་སྡུག ཐོབ་ཤོར་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་ཅིང་། རང་རྟོགས་ངང་དམིགས་བསལ་དབང་ཆའི་བསམ་བློ་ལ་འཐབ་རྩོད་བྱེད་པ། རུལ་རྒོལ་གྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། ཀུན་སྤྱོད་གཙང་མ་བྱེད་པ། ལས་དྲང་པོ་དྲང་གཞག་བྱེད་པ། བདེན་པ་བདེན་ཐུབ་ཀྱི་མི་ཞིག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག《གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཨུད་ཀྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། གྲོང་ཨུད་སྐབས་གསར་པའི་རྒྱུན་ལས་ཨུ་ལྷན་གྱིས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཁུར་ཡོད་པས། འགག་རྩའི་ཁྲིད་སྟོན་ཡག་པོ་བྱེད་པ་དང་། འགག་རྩའི་འགན་འཁྲི་གཙང་སྒྲུབ་བྱེད་པ། འགག་རྩའི་ནུས་པ་འདོན་སྤེལ་བྱེད་པ། ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པོའི་སྒོ་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་། དམ་འཛིན་དངོས་སྒྲུབ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་ཆབ་མདོའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་གྲོང་ཨུད་སྐབས་གསར་པའི་རྒྱུན་ཨུའི་ལས་བགོས་གཏན་འཁེལ་བྱས་པ་མ་ཟད། ཚན་ཁག་གསར་པར་རྣམ་པ་གསར་པ་ཡོད་དགོས་ལ། ལས་འགོ་གསར་པ་ཚུགས་པར་བྱས་རྗེས་གསར་པ་འཇོག་དགོས། འགན་འཁྲི་ཤེས་དགོས་པ་སྟེ། ལས་གནས་ཐོག་མགྱོགས་མྱུར་སྐྱོད་པ་དང་ལས་ཀའི་བསམ་ཕྱོགས་གསལ་པོ་བཟོས་ནས་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་ལེགས་སྒྲུབ་བཅས་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་བྱས་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་རྒྱུན་ལས་ཨུ་ལྷན་གྱིས་བཀོད་སྒྲིག་བྱས་རིགས་མཐའ་དག་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། དམ་འཛིན་དངོས་སྒྲུབ་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་སྟེ། ལས་བགོས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ཁག་གོ་རིམ་ལྡན་པ་དང་། དམངས་འཚོའི་དོན་དངོས་དོན་འཁྱོལ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སེལ་རྒྱུར་སྐུལ་འདེད་གཏོང་དགོས། “ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱས་ཏེ། དུས་གཅིག་ཏུ་ལས་བགོས་ཁྱབ་ཁོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བའི་སྣེ་ཁྲིད་དེ་དཔེ་སྟོན་གྱི་མིག་དཔེ་ཡག་པོ་འདོན་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

