国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年09月23日

《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་རྒྱུན་ཤེས་དྲིས་ལན་ཆིག་བརྒྱ་བ།

(ཚགས་པར་གོང་མར་མཐུད)

【7】སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་ལས་དོན་ལ་ནང་དོན་དག་གང་དག་ཡོད།

《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་དོན་ཚན60པའི་ཚན་པ3པའི་གཏན་འཁེལ་ལྟར་ན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་གི་མིས་བཟོས་བྱེད་སྒོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་བཀག་ལྟར་སྲུང་སྐྱོབ་ཀྱི་ཕན་འབྲས་ལ་དཔྱད་དཔོག་བྱ་དགོས།《སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་བྱེད་ཐབས(ཚོད་ལྟ་ལག་བསྟར་བྱེད་ཐབས)》ཀྱི་དོན་ཚན5པའི་གཏན་འཁེལ་ལྟར་ན། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་བྱེད་པའི་བྱ་བར་གཤམ་གསལ་གྱི་དོན་ཚན་འདུས་ཡོད་པ་སྟེ།(1) སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གི་སྐྱེ་ཁམས་ཁོར་ཡུག་གི་འབྲེལ་ཡོད་ལམ་ལུགས་གཏན་འཁེལ་དང་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ།(2) སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ལེགས་སྒྲིག་བྱས་པ་དེས་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན།(3) སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་གི་མིས་བཟོས་བྱ་འགུལ་གྱིས་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན།(4) སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་གི་སྐྱེ་ཁམས་ནུས་པའི་གནས་ཚུལ་དང་དེའི་འགྱུར་ལྡོག(5) སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་གི་སྐྱེ་ཁམས་གཏོར་བརླག་གནད་དོན་དང་དེའི་ཐག་གཅོད་དག་ཐེར་བྱས་པའི་གནས་ཚུལ།(6) སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་ནང་གི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་པའི་སྐྱེ་ཁམས་ཁོར་ཡུག་གི་ཕན་འབྲས།(7) བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ལྟ་སྐུལ་བྱ་དགོས་པའི་གཞན་པའི་དོན་ཚན་བཅས་སོ། །

【8】སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ལག་བསྟར་ཇི་ལྟར་བྱ་དགོས།

《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་དོན་ཚན50པ་ནས53པ། 55པའི་གཏན་འཁེལ་ལྟར་ན། “རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྐུལ་དོ་དམ་འགན་འཁྲི་ཡོད་པའི་སྡེ་ཁག་དང་གཙོ་གནད་ས་ཁོངས། འབབ་རྒྱུད། མཚོ་ཁོངས་བཅས་ཀྱི་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ནས། མཉམ་འབྲེལ་ཁྲིམས་བསྟར་བྱེད་པ་དང་། སྲིད་འཛིན་ས་ཁོངས་དང་འབབ་རྒྱུད། མཚོ་ཁོངས་བཅས་ལས་བརྒལ་ཏེ་ཁྲིམས་འཛིན་ལག་བསྟར་བྱ་བ་བསྒྲུབ་དགོས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ཡོད་པའི་སྡེ་ཁག་ལ་ཁྲིམས་ལྟར་ཁོར་ཡུག་སྦགས་བཙོག་བཟོ་བ་དང་སྐྱེ་ཁམས་གཏོར་བརླག་གཏོང་བ་སོགས་ཀྱི་ཁེ་ལས་དང་ལས་དོན་སྡེ་ཁག གཞན་པའི་ཐོན་སྐྱེད་ཚོང་གཉེར་མཁན་དང་སྐྱེ་ཁམས་ཁོར་ཡུག་ལག་རྩལ་ཞབས་ཕྱིའི་ལས་ཁུངས་སོགས་ལ་ཡུལ་དངོས་སུ་ཁྲིམས་ལྟར་ཞིབ་བཤེར་བྱེད་དབང་ཡོད། ཞིབ་བཤེར་བྱེད་མཁན་གྱིས་གནས་ཚུལ་ཇི་མ་ཇི་བཞིན་ཞུ་བ་དང་དགོས་ངེས་ཀྱི་དཔྱད་གཞིའི་རྒྱུ་ཆ་འདོན་སྤྲོད་བྱ་དགོས། ཡུལ་དངོས་སུ་ཞིབ་བཤེར་བྱེད་པའི་སྡེ་ཁག་དང་དེའི་ལས་བྱེད་མི་སྣས་ཞིབ་བཤེར་བྱ་ཡུལ་གྱི་ཚོང་ལས་གསང་བ་དང་། མི་སྒེར་གྱི་གསང་བ། མི་སྒེར་གྱི་ཆ་འཕྲིན་བཅས་དམ་སྲུང་བྱ་དགོས”ཞེས་བཀོད་ཡོད། ཁེ་ལས་དང་ལས་དོན་སྡེ་ཁག གཞན་པའི་ཐོན་སྐྱེད་ཚོང་གཉེར་མཁན་གྱིས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འཁེལ་དང་འགལ་ནས། ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོ་བ་དང་སྐྱེ་ཁམས་ལ་གཏོར་བརླག་གཏོང་བ་སོགས་ཀྱི་མཇུག་འབྲས་བཟོས་པའམ་བཟོ་སྲིད་པ་དང་། འབྲེལ་ཡོད་དཔང་རྟགས་བོར་བརླག་དང་སྦས་སྐུང་བྱེད་སྲིད་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྐུལ་དོ་དམ་འགན་འཁྲི་ཡོད་པའི་སྡེ་ཁག་གིས་ཁྲིམས་ལྟར་འབྲེལ་ཡོད་འདུ་ར་དང་གྲུ་གཟིངས། སྒྲིག་བཀོད། སྒྲིག་ཆས། ཡོ་བྱད། དངོས་རྫས་བཅས་སྒོ་ཐེལ་རྒྱག་པ་དང་བཙན་ཉར་བྱས་ཆོགཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་བཙུགས་པའི་མངག་གཏོང་ལས་ཁུངས་ཀྱིས་རང་ཉིད་ཀྱི་མིང་ཐོག་ནས་ཁྲིམས་ལྟར་ཡུལ་དངོས་སུ་ཞིབ་བཤེར་དང་སྒོ་ཐེལ་རྒྱག་པ། བཙན་ཉར། ཚབ་སྒྲུབ་དང་སྲིད་འཛིན་ཆད་པ་བཅད་ཆོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི་གཞན་པའི་མཚོ་ཁོངས་ཕུད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི་གཞན་པའི་མཚོ་ཁོངས་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་ལ་གཏོར་བརླག་བཟོས་པའམ་བཟོ་སྲིད་ན། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ལ་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དབང་ཡོད།

【9】འཛུགས་སྐྲུན་ལས་གཞིའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་དང་འཆར་འགོད་བར་གྱི་འབྲེལ་བ་ཅི་ཡིན།

《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་དོན་ཚན97པའི་གཏན་འཁེལ་ལྟར་ན། འཛུགས་སྐྲུན་ལས་གཞིའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་དེ། འཆར་འགོད་བྱས་པའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་དང་བསྐྱར་ཟློས་བྱས་མི་ཆོགའཛུགས་སྐྲུན་ལས་གཞི་ཧྲིལ་པོའི་འཆར་འགོད་ངོས་ཐད་ནས། འཛུགས་སྐྲུན་ལས་གཞི་ལྟར་སྐྱེ་ཁམས་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ཚུལ་ལ་གདེང་འཇོག་བྱེད་པ་ལས། འཆར་འགོད་ལྟར་སྐྱེ་ཁམས་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ཚུལ་ལ་གདེང་འཇོག་མི་བྱེད། སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པར་གདེང་འཇོག་བྱས་ཟིན་པའི་འཆར་འགོད་ཁྲོད། ཞིབ་ཕྲའི་འཛུགས་སྐྲུན་ལས་གཞི་ཚུད་ཡོད་ན། འཆར་འགོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པར་གདེང་འཇོག་བྱས་པའི་བསྡོམས་ཚིག་དེ། འཛུགས་སྐྲུན་ལས་གཞིའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པར་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས་ཤིང་། འཛུགས་སྐྲུན་ལས་གཞིའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པར་གདེང་འཇོག་བྱེད་པའི་ནང་དོན་དེ། འཆར་འགོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚུལ་ལ་གདེང་འཇོག་དང་ཞིབ་བཤེར་བྱེད་པའི་བསམ་འཆར་གཞིར་བཟུང་སྟེ་སྟབས་བདེ་གཏང་དགོས།

(མུ་འགོད)