国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年09月23日

ཀྲང་ལི་ཡིས་ཐེན་ཅིན་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ལིས་ཝུན་ཧའེ་དང་བཅས་པར་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས20ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་ཐེན་ཅིན་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ལིས་ཝུན་ཧའེ་དང་བཅས་པར་བཞུགས་མོལ་གནང་བ་རེད།

ཀྲང་ལི་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ལིས་ཝུན་ཧའེ་དང་བཅས་པ་ཆབ་མདོར་རྟོག་ཞིབ་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཐེན་ཅིན་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད། ཁོང་གིས་ཐེན་ཅིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཏུ་བརྩིས་ཏེ། གནད་སྨིན་བོད་སྐྱོར་དང་། བརྒྱུད་རིམ་ལྡན་པའི་བོད་སྐྱོར། ཡུན་རིང་བོད་སྐྱོར་བཅས་མཐའ་འཁྱོངས་བྱས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཧུར་ཐག་ངང་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས།

ཀྲང་ལི་ཡིས་ཆབ་མདོ་ནི་བོད་ཀྱི་ཤར་སྒོ་ཆེ་མོ་ཡིན་ལ། ས་ཁོངས་ཀྱི་དགེ་མཚན་མངོན་གསལ་ཆེ་ཞིང་ས་གཤིས་ཀྱི་ཁོར་ཡུག་དམིགས་བསལ་ཡིན་ལ་ཐོན་ཁུངས་རང་སྤུས་འབུར་དུ་ཐོན་ཡོད་པས། བོད་ཀྱི་ལས་དོན་ཁྱོན་ཡོངས་ཁྲོད་འགག་རྩར་ཐུག་པའི་འཐབ་ཇུས་ཀྱི་གོ་གནས་ལྡན་ཡོད། གྲོང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “དོན་ཆེན་བཞིར”དམ་པོར་དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། “འགྱུར་བ་གསུམ”གྱི་སྤྱིའི་ངེས་གནས་གཞི་རྩ་འཛིན་པ། གསར་འབྱེད་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་བྱ་གཞག་ཁག་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་པར་སྐུལ་སྤེལ་གཏོང་དགོས། ས་གནས་གཉིས་ཀྱིས་ཁ་གཏད་བོད་སྐྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁྱབ་ཁོངས་སྔར་ལས་ཡངས་ཤིང་རིམ་པ་སྔར་ལས་ཟབ་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ལག་གདང་སྦྲེལ་ནས་ཆབ་མདོ་དང་ཐེན་ཅིན་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ལིས་ཝུན་ཧའེ་ཡིས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ལ། དུས་ཡུན་རིང་པོའི་ནང་ཐེན་ཅིན་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཁ་གཏད་ཆབ་སྐྱོར་བྱས་ནས་ལོ30རིང་ལ། ས་གནས་གཉིས་ཀྱིས་བརྩེ་སེམས་ཀྱི་སྐུད་པ་དམ་དུ་བཅིངས་ཤིང་སྤེལ་རེས་ཀྱི་མཉམ་ལས་ཟབ་ཏུ་བཏང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་ལམ་གསར་པའི་ཐོག ཐེན་ཅིན་གྱིས་ཁ་གཏད་ཆབ་སྐྱོར་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་འཁུར་བ་དང་། “ཀྲུང་དབྱང་གི་མངགས་བཅོལ”བློ་ལ་བརྟན་པོར་འཆང་བ། “ཆབ་མདོའི་དགོས་མཁོར”དམ་པོར་དམིགས་པ། “ཐེན་ཅིན་གྱི་འཇོན་ནུས”ལ་གང་ཐུབ་ཅི་ཐུབ་བྱེད་པ། ལས་དོན་སྦྲེལ་མཐུད་ལ་ཤུགས་རྒྱག་པ། ཐོན་ལས་བོད་སྐྱོར་དང་། དམངས་འཚོར་བོད་སྐྱོར། རིག་ནུས་བོད་སྐྱོར་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ནུས་ཤུགས་དེ་བས་ཆེ་ཞིང་བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཁ་གཏད་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་པར་འགན་ལེན་བྱས་ནས་ཐུན་མོང་ཐོག་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།

ལའོ་ཆིན་འུའུ་དང་། ལིས་ཧྲུའུ་གོ ཅཱ་ཤིན་ཡུས་བཅས་བཞུགས་མོལ་ནང་ཞུགས་ཡོད།

ཆབ་མདོར་སྡོད་པའི་རིང་། ལིས་ཝུན་ཧའེ་དང་བཅས་པས་གྲོང་ཁྱེར་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཚན་ཞིབ་ལྟེ་གནས་དང་། ཆབ་དགོན་བྱམས་པ་གླིང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོའི་རྟེན་གཞི། གྲོང་ཁྱེར་ཚོད་ལྟ་སློབ་ཆུང་། གྲོང་ཁྱེར་བོད་སྨན་རྩིས་ཁང་བཅས་ལ་རྟོག་ཞིབ་བྱས་པ་མ་ཟད། ཐེན་ཅིན་བོད་སྐྱོར་ལས་བྱེད་པར་འཚམས་འདྲི་དང་གཟིགས་པ་རེད།