(པར་ངོས་གཉིས་པར་མཐུད) བྱིས་པ་རྣམས་ནི་མ་འོངས་པ་དང་རེ་བ་ཡིན་ལ། སློབ་གསོར་དམ་འཛིན་བྱས་ཏེ་ཕྲུ་གུས་ཤེས་རིག་སྦྱངས་ནས་འཇོན་ཐང་ལྡན་པར་བྱེད་པ་དང་། ནར་སོན་རྗེས་ཕ་ཡུལ་འཛུགས་སྐྲུན་དང་མེས་རྒྱལ་ལ་དྲིན་ལན་འཇལ་དགོས་ཞེས་གསུངས།
བྲག་གཡབ་རྫོང་སྡོང་ཕྲུག་ལྟེ་གནས་ཀྱིས་སྡོང་ཕྲུག་རིགས་གསོ་སྐྱོང་དང་འདེབས་འཛུགས་བྱས་ཡོད། ཀྲང་ལི་དྲོད་ཁང་མྱུག་གསོ་ཁུལ་དང་ཁང་ཕྱིའི་འདེབས་འཛུགས་ཁུལ་དུ་བསྐྱོད་དེ་སྡོང་ཕྲུག་སྐྱེ་འཚར་ལ་གཟིགས་ནས་གསོ་སྐྱོང་དང་དོ་དམ་སྲུང་སྐྱོབ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་གིས་ཚན་རིག་ལག་རྩལ་སྔོན་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སྡོང་ཕྲུག་གསོ་སྐྱོང་དང་ཕན་འབྲས་ལ་ཤུགས་སྣོན་བརྒྱབ་ཏེ་བོད་ཤར་ལྷོའི་སྡོང་ཕྲུག་རྟེན་གཞི་ཧུར་ཐག་གཏོད་དགོས།“རྟེན་གཞི + ཞིང་དུད +ཁྲོམ་ར”བཅས་ཀྱི་རྣམ་པ་འཚོལ་ཞིབ་བྱེད་དགོས་ཤིང་། ཆུང་ལ་ལེགས་པ་དང་ཆུང་ལ་སྤུས་ལྡན་གྱི་ས་མཐོའི་ཁྱད་ལྡན་ནགས་ལས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གསུམ་གཅིག་གྱུར་དམ་ཚགས་ཡོང་བར་བྱེད་དགོས་པའི་བསམ་པ་བསྟན་ཡོད།
དབྱེན་འདུམ་དགོན་དུ། ཀྲང་ལི་ཡིས་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པར་བྱམས་བརྩེའི་གླེང་མོལ་གནང་ནས་དགོན་སྡེའི་དོ་དམ་དང་རིག་དངོས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་བྱས་པ་དང་། ཁོང་གིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་པ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས། “འདུ་ཤེས་གསུམ”གྱི་ཆེ་རུ་གཏོང་དགོས་ཤིང་། རྒྱ་ཆེའི་དགེ་འདུན་པས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་བག་ཡོད་ཚུལ་ལྡན་བྱེད་པ་དང་། “མོས་སེམས་ལྔ”ཆེ་རུ་བཏང་སྟེ། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ལམ་ལྷོངས། བོད་བརྟན་ལྷིང་དང་། འཕེལ་རྒྱས། ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་བར་ཧུར་ཐག་ངང་ལེགས་སྐྱེས་འབུལ་དགོས། རིག་དངོས་སྲུང་སྐྱོབ་དང་དོ་དམ་ལས་དོན་ཡག་པོ་སྒྲུབ་ཏེ་ཕྱོགས་ཡོངས་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཆེ་རུ་གཏོང་དགོས་ཞེས་བསྟན།
རྟོག་ཞིབ་རིང་། ཀྲང་ལི་ཡིས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་། ཁོང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ཡུལ་བབ་དང་བསྟུན་པ་དང་ཚན་རིག་གི་ཐབས་ཇུས་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་འདོད་བློ་བརྩི་འཇོག་གང་ལེགས་བྱེད་པའི་གནས་ཚུལ་འོག ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཧུར་ཐག་འཚོལ་ཞིབ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྫོང་དང་ཤང་དུ་སྐབས་བརྗེ་ཟིན་པས་ཚན་ཁག་གསར་པར་རྣམ་པ་གསར་པ་ཞིག་དང་རྣམ་འགྱུར་གསར་པ་ཞིག་ཡོད་དགོས་ཤིང་། མཐུན་སྒྲིལ་སེམས་གཅིག་དང་དངོས་འཛིན་དགོས་སྒྲུབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ཧུར་ཐག་ངང་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་ཡོད།
ཅཱ་ཤིན་ཡུས་རྟོག་ཞིབ་ནང་ཞུགས་ཡོད།

