འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་བྲག་གཡབ་རྫོང་དུ་ཕེབས་ཏེ་གཞི་རིམ་ཏང་འཛུགས་དང་། ཐོན་ལས་འཕེལ་རྒྱས། དགོན་སྡེའི་དོ་དམ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་ཡོད།
དབྱེན་འདུམ་གྲོང་རྡལ་གྱི་བདེ་སྐྱིད་ཁྲུང་ཆིན་གྲོང་གསར་སྡེ་ཁུལ་དུ་རྫོང་ཡོངས་ཀྱི་ཤང་གྲོང13གྱི་གནས་སྤོ་མང་ཚོགས5300ལྷག་གཅིག་བསྡུས་བཀོད་སྒྲིག་བྱས་པ་དང་། ཐོག་ཁང་མཛེས་ཤིང་སྒྲིག་ཆས་ཆ་ཚང་ལ་མཛེས་སྡུག་གི་གྲོང་ཚོའི་རྣམ་པ་གསར་པ་ཞིག་གང་སར་མངོན་ཡོད། ཀྲང་ལི་སྡེ་ཁུལ་དུ་བསྐྱོད་དེ་གྲོང་ཚོ“ཨུ་ལྷན་གཉིས ”ཀྱི་ཚན་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག་ལ་འཚམས་འདྲི་བྱས་པའི་ཁར་ལས་དོན་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་ཁྲིད་སྟོན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་དགོས།“རྒན་གཅིག་གཞོན་གཅིག”གཙོ་གནད་དུ་བཟུང་ནས་གནས་སྤོ་མང་ཚོགས་ལ་ཞབས་ཞུའི་འགན་ལེན་ཁག་མཁོ་འདོན་བྱས་ཏེ། མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པར་འགན་ལེན་བྱེད་དགོས། དུས་རབས་གསར་བའི“ཧྥང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཚན་རིག་ཅན་དང་། ཁྲིམས་སྐྱོང་ཅན། ཞིབ་ཕྲ་ཅན་ལ་སྐུལ་འདེད་གཏོང་བ་དང་། དོན་ཆུང་གྲོང་ཚོ་ནས་ཕྱིར་མི་གྱར་བར་བྱས་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་ནས་འཆམ་མཐུན་དང་། བདེ་སྐྱིད། ཞོད་འཇགས་བཅས་ཀྱི་སྡེ་ཁུལ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན།
གྲོང་མི་བཀྲ་ཤིས་རྒྱལ་མཚན་གྱི་ཁྱིམ་དུ། ཀྲང་ལི་ཡིས་སྡོད་གནས་ཀྱི་ཆ་རྐྱེན་ལ་གཟིགས་པ་དང་ཁྱིམ་གྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་ཞིང་། བཀྲ་ཤིས་རྒྱལ་མཚན་གནས་སྤོ་རྗེས་རླངས་འཁོར་ཉོ་འཚོང་བྱས་པ་མ་ཟད་ད་དུང་གཞན་པའི་ཡོང་འབབ་ཡོད་པ་རྟོགས་རྗེས་དགའ་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་བརྩེ་ལས་བྱུང་བ་ཡིན་པས། བློ་བརྟན་འགྱུར་མེད་ངང་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་ཐུབ་པ་བྱེད་དགོས།
(པར་ངོས་གསུམ་པར་གཟིགས)

