འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཆབ་མདོ་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་ལྟེ་གནས་སུ། ཀྲང་ལི་ཡིས་ལས་དོན་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་བྱས་པ་མ་ཟད་ཤང(གྲོང་རྡལ)དང་། སློབ་གྲྭ དགོན་སྡེ་དོ་དམ་ཨུ་ལྷན་ཁག་ཅིག་བརྙན་ལམ་བཀོད་གཏོང་གི་ཐོག་ནས་འཐབ་ས་དང་པོར་འབད་འཐབ་བྱེད་པའི་ལས་བྱེད་ལས་བཟོ་ཚོར་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་འདི་ལྷོད་མི་རུང་ལ། ཉེན་ཚབས་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་དང་མ་ལག་ཚང་བའི་སྒོ་ནས་མིག་སྔར་འཕྲད་པའི་གནས་བབ་དང་ལས་འགན་ཁོང་དུ་ཆུད་པ། ཁོངས་གཏོགས་ཀྱི་འགན་འཁྲི་དང་ཚན་པའི་འགན་འཁྲི་ལག་བསྟར་ཡག་པོ་བཅས་བྱས་ཏེ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཏན་ཏིག་བྱེད་དགོས་པའི་མངགས་བཅོལ་གནང་ཡོད།
ཁ་རུབ་ཆུས་མར་ཐང་མངགས་གཏོང་ཁང་ནི1951ལོར་བཙུགས་པ་དང་དེ་ལ“བོད་ཀྱི་མངགས་གཏོང་ཁང་ཨང་དང་པོ”ཞེས་འབོད། ཀྲང་ལི་མངགས་གཏོང་ཁང་དུ་ཕེབས་ཏེ་འགལ་ཟླའི་རྩོད་གཞི་དང་ལེབ་བཤེར་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན“ཀྲང་ཀྲོའུ110”གྱི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་བློ་རྩ་བརྟན་པོས་འགན་འཁུར་ཕོད་པ་དང་ལེགས་སྐྱེས་ཕུལ་ཏེ་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་བྱེད་དགོས། གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ།
ཚན་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་གཞི་གྲངས་ཆེ་མོས་གནད་དོན་ཞིབ་མོ་འཚོལ་དགོས་ལ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་ཞུགས་ཏེ་གནས་ཚུལ་ངོ་མ་ཞིབ་བཤེར་བྱས་ཏེ་མངོན་མེད་རྐྱེན་ངན་གཞི་རིམ་དུ་སེལ་བ་དང་ཆུང་དུས་ནས་སེལ་དགོས་པའི་ནན་བཤད་གནང་ཡོད།
ཆབ་དགོན་བྱམས་པ་གླིང་དོ་དམ་ཨུ་ལྷན་དུ། ཀྲང་ལི་ཡིས་དགོན་སྡེ་དོ་མ་ཨུ་ལྷན་གྱི་ལས་དོན་དང་། རིག་དངོས་སྲུང་སྐྱོབ། མེ་ཟོན་བདེ་འཇགས་བཅས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་ཀའི་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱུན་རྣམ་ཅན་གྱིས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ། དགོན་སྡེའི་དོ་དམ་ཞབས་ཞུ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱ་ཆེའི་གྲྭ་བཙུན་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་རྒྱུའི་ཁྲིད་སྟོན་བཅས་བྱས་ཏེ། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པའི་དཔེ་སྟོན་པ་ཞིག་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་ཡོད།
རྟོག་ཞིབ་རིང་། ཀྲང་ལི་ཡིས་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ད་ལྟའི་དུས་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་ནི་སྔར་བཞིན་ལས་འགན་ཨང་དང་པོ་ཡིན་པས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱེད་པ། སུན་སྣང་དང་། གཡོལ་སེམས། སྣང་མེད་བཅས་མཐའ་གཅིག་ཏུ་མི་བྱེད་པར“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་སྤྱི་ཚོགས་བདེ་འཇགས་སྤྱི་ཡོངས་ནས་འགོག་སྲུང་མ་ལག་དང་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་པ། ཡིག་སྐུར་ངོ་གཏུག་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཤུགས་རྐྱེན་ཚབས་ཆེ་བའི་དོན་རྐྱེན་མི་ཐོན་པ་དང་། ངན་གཤིས་ཆེ་བའི་དོན་རྐྱེན་མི་ཐོན་པ། གཞི་ཁྱོན་ཆེ་བའི་ཚོགས་སྤྱི་རང་བཞིན་གྱི་དོན་རྐྱེན་མི་ཐོན་པ། གླེང་ཕྱོགས་ཆེ་བའི་དོན་རྐྱེན་མི་ཐོན་པ། སྤྱི་པའི་བདེ་འཇགས་ཆེ་བའི་དོན་རྐྱེན་མི་ཐོན་པ་བཅས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་ཞི་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་བསྟན།

