国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年09月23日

ཏང་གི་འཐུས་མི་རྣམས་ཀྱིས་ཚོགས་ཆེན་ལ་འབྱོར་ཐོ་བཀོད་པ།

འདི་ནི་འཐུས་མི་ཚོས་བཞུགས་གནས་ནས་ལག་ཁྱེར་དང་ཚོགས་འདུའི་དཔྱད་ཡིག་ལེན་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས20ཉིན། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པར་ཞུགས་པའི་ཏང་གི་འཐུས་མིས་ཚོགས་ཆེན་ལ་འབྱོར་ཐོ་བཀོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ཏང་ཡོན་དང་མང་ཚོགས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ཏེ་ཐུན་མོང་ཐོག་སྟོབས་ཤུགས་གཅིག་སྒྲིལ་གྱི་ཚོགས་ཆེན་ནང་ཞུགས་རྒྱུ་ཡིན་པ་རེད།

འབྱོར་ཐོ་འགོད་པའི་ཡུལ་དངོས་སུ་གོ་རིམ་ལྡན་ཞིང་རྣམ་པ་བརྗིད་ཉམས་ལྡན་ལ།

འཐུས་མི་ཚོས་གོ་རིམ་ལྡན་པའི་སྒོ་ནས་ཆ་འཕྲིན་ཞིབ་བསྡུར་དང་ཐོ་འགོད། ཚོགས་འདུའི་ཡིག་ཆ་ལེན་པ་སོགས་འབྱོར་ཐོ་འགོད་པའི་གོ་རིམ་ཡོང་འགྲུབ་བྱས་ལ། ཚོགས་འདུའི་ཡིག་ཆ་བླངས་རྗེས། ཚང་མས་འཕྲལ་མར་ཚོགས་འདུའི་ཡིག་ཆར་ཞིབ་ཀློག་ནན་ཏན་དང་གྲོས་རིམ་བཀོད་སྒྲིག་ལ་རྒྱུས་ལོན་བྱས་ཤིང་། གཞི་རིམ་གྱི་འཐབ་ས་དང་པོའི་མཐོང་ཐོས་སྤེལ་རེས། བསམ་བློ་གཏོང་ས་གསེད་བཀྲོལ་བཅས་བྱས་ནས་འཚོག་ཉེར་ཡོད་པའི་ཚོགས་ཆེན་ལ་གྲ་སྒྲིག་ཡག་པོ་བྱས་པ་རེད། ཏང་གི་འཐུས་མི་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཐོག་ནས་འཐུས་མིའི་འགན་འཁྲི་ནན་ཏན་སྒྲུབ་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་གཞི་རིམ་གྱི་འབོད་སྒྲ་བརྒྱུད་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད་ཡོད། ཚོགས་འདུ་གྲོལ་རྗེས་འཕྲལ་དུ་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་དོན་འཁྱོལ་བྱེད་པ་དང་ལས་གནས་ལ་གཞི་ཚུགས་ནས་བྱས་རྗེས་བཞག་སྟེ། ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དོན་དུ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཚོགས་ཞུགས་འཐུས་མི་ནི་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)མི་འདྲ་བ་དང་ལས་རིགས་ཁྱབ་ཁོངས་མང་པོ་ནས་ཡོང་ཞིང་། ལས་ཁུངས་ཚན་པའི་ཏང་ཡོན་ལས་བྱེད་པ་ཡོད་ལ་དུས་ཡུན་རིང་པོར་གཞི་རིམ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་བློ་མཐུན་ཡང་ཡོད། ཚོགས་ཆེན་འགོ་མ་ཚུགས་གོང་། འཐུས་མི་ཚོས་རང་ངོས་ཀྱི་ལས་ཀར་དམིགས་ཏེ་འཚམས་འདྲི་རྟོག་ཞིབ་བྱས་པ་དང་། རང་འགུལ་ཐོག་གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་དང་རེ་འབོད་ལ་གསན་ཏེ་དམངས་ཀྱི་གནས་ཚུལ་དང་འདོད་བློ་མང་པོ་བསྡུ་རུབ་བྱས་ནས་སྤུས་འབོར་གཉིས་ལྡན་གྱི་ཚོགས་ཆེན་གྱི་གྲོས་གཞི་དང་གྲོས་འགོ་ཞིག་ཆགས་པར་རྨང་གཞི་བཏིང་ཡོད།

ཏང་གི་འཐུས་མི་ཚེ་རིང་དོན་གྲུབ་ཀྱིས“ང་ནི་གྲོང་སྡོད་ལས་བྱེད་པ་ཞིག་ཡིན། རང་ངོས་ཀྱི་ལས་གནས་ལ་གཞི་ཚུགས་ཏེ་ཚོགས་འདུ་མ་འཚོག་གོང་ང་ཚོའི་དགོན་སྡེའི་ཁོངས་གཏོགས་ཁུལ་དུ་བསྐྱོད་དེ་བཅར་འདྲི་དང་བརྟག་ཞིབ་བྱས་པ་ཡིན། ད་རེས་ཀྱི་ཚོགས་ཆེན་གྱིས་དགོན་སྡེའི་ཚད་ལྡན་ཅན་གྱི་དོ་དམ་དང་གྲྭ་བཙུན་གྱི་དམངས་འཚོ་འགན་ལེན་སོགས་ཀྱི་ཐད་དོ་ཁུར་དེ་བས་ཆེ་བ་བྱས་ཏེ། ང་ཚོའི་ཆོས་ལུགས་ཁྱབ་ཁོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད”ཅེས་བཤད།