国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年09月23日

ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ཡིས་གྲ་སྒྲིག་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ཡིས་ཚེས21ཉིན་གྱི་ཕྱི་དྲོར་གྲ་སྒྲིག་ཚོགས་འདུ་འཚོགས་པ་རེད།

ཀྲང་ལི་ཡིས་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་གྲོས་འགོ་མིང་ཐོ་དང་ཚོགས་ཆེན་གྱི་དྲུང་ཡིག་ཆེ་མོའི་གྲོས་འགོ་མིང་ཐོ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་འགོ་མིང་ཐོ། ཚོགས་ཆེན་གྱི་གྲོས་རིམ(འཆར་ཟིན)བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་དེ་ཚེས21ཉིན་གྱི་ཕྱི་དྲོ་འཚོགས་པ་རེད།

ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་འགོ་མིང་ཐོ》 《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དྲུང་ཡིག་ཆེ་མོ་གཞོན་པའི་གྲོས་འགོ་མིང་ཐོ》《འཐུས་མིའི་ཐོབ་ཐང་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཞིབ་བཤེར་སྙན་སྒྲོན(འཆར་ཟིན)》 《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཟུར་ཞུགས་མི་སྣའི་གྲོས་འགོའི་མིང་ཐོ》 《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འགོ་ཚུགས་ཚོགས་འདུ་དང་། མཇུག་འགྲིལ་ཚོགས་འདུར་གདན་ཞུ་མི་སྣའི་མིང་ཐོ》《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཏང་དངུལ་བསྡུ་ལེན་དང་། བེད་སྤྱོད། དོ་དམ་བཅས་བྱས་ཚུལ་གྱི་སྙན་ཞུ》 《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དྲུང་ཡིག་ཁྲུའི་སྒྲིག་གཞི་འཛུགས་རྒྱུ་དང་འགན་ནུས་(འཆར་ཟིན)》 《ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཉིན་རེའི་ལས་རིམ(འཆར་ཟིན)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།