འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ9ཚེས21 ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འགོ་ཚུགས་པ་རེད།ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “དོན་ཆེན་བཞིར”དམ་པོར་དམིགས་པ།“འཛུགས་གཏོད་བཞིར”ཤུགས་རྒྱག་པ།“འགྱུར་བ་གསུམ”གཞི་རྩ་འཛིན་པ། སྟོབས་ཤུགས་གཅིག་སྒྲིལ་དང་། གསར་འབྱེད་ཡར་བརྩོན། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་དེ་རེད།
ཀྲང་ལི་ཡིས་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ཁ་བྱང་ལ《མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་དྲིན་ཚོར་མདུན་སྐྱོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས》ཞེས་པའི་སྙན་སྒྲོན་ཕུལ་བ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་དང་། ལའོ་ཆིན་འུའུ། ལིས་ཡུའེ་ཧུང་། ཐེན་ཧའོ། ལིས་ཧྲུའུ་གོ ཧོང་གོ་ཅན། དངོས་གྲུབ་ཟླ་བ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཤའེ་ཝུན་ཀོང་། ཝེ་ཝན་ནན། ཅིན་རིན་ཧུའེ། ཁྲེན་ཀང་། ཝུའུ་ཅན། འཕྲིན་ལས་དར་རྒྱས། པད་མ་བཀྲ་ཤིས་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་དང་དམིགས་བསལ་གདན་ཞུས་འཐུས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད།
ཚོགས་ཆེན་ལ་ཕེབས་དགོས་པའི་འཐུས་མི343ཡོད་པ་དང་དངོས་སུ་ཕེབས་པའི་མི་གྲངས326ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཚོགས་ཆེན་ལ་ལའོ་ཆིན་འུའུ་ཡིས་གཙོ་སྐྱོང་ཞུས་པ་དང་། ཚོགས་ཆེན་འགོ་ཚུགས་ཐོག་ཚང་མ་ཡར་ལངས་ཏེ་སྐད་གསེང་མཐོན་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ》བླངས་པ་རེད།
ཚོགས་འདུའི་ཐོག་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་ཚུན་གྱི་ལས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་་པ་སྟེ། གྲོང་ཨུད་སྐབས་གཉིས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་པ།“སྤྱི་ཡོངས་གཉིས”བློ་ལ་བརྟན་པོར་ངེས་པ།“རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་བཅངས་བ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་ནས་སྙིང་སྟོབས་ཆེར་སྐྱེད་ཀྱིས་འབད་འཐབ་བྱེད་པ་བཅས་བྱས་པས། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ་སེམས་ནང་འཇགས་པ། དཔལ་འབྱོར་འཕེལ་རྒྱས་ཁ་ཕྱོགས་གསར་པ་དང་སྔོན་ཐོན་གསར་པ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་བ། དམངས་འཚོ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། གཞི་རིམ་གྱི་འཐབ་ས་དེ་བས་བརྟན་པ། མཛེས་སྡུག་ལྡན་པའི་རྣམ་པ་རྒྱུན་མཐུད་ངང་མངོན་པ། མཐའ་མཚམས་སྟོབས་ཆེར་དང་རིམ་པ་མཐོ་རུ་མངོན་གསལ་དོད་པ།
ཏང་ལ་དོ་དམ་དང་ཏང་སྐྱོང་བར་གཏིང་ཟབ་སྐུལ་འདེད་བཏང་བ་བཅས་བྱས་ནས། བྱ་གཞག་ཁག་ལ་ཡར་རྒྱས་གསར་པ་བྱུང་བ་དང་གོམ་སྟབས་གསར་པ་སྤོས་ཡོད་པ་རེད། གྲུབ་འབྲས་ཡག་པོ་དེ་ལྟར་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་དང་ཁྲིད་སྟོན་འོག གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མུ་མཐུད་འབད་འཐབ་བྱས་པ་ལས་བྱུང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཆབ་མདོར་རོགས་སྐྱོར་གནང་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་ཀྱི་རང་དོན་རྒྱབ་ཏུ་བསྐྱུར་ནས་གཞན་དོན་སྒྲུབ་པའི་སྙིང་སྟོབས་ཀྱི་རོགས་སྐྱོར་འོག་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མུ་མཐུད་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་དང་།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མུ་མཐུད་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་ཞེས་བསྟན་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ནི་ཆབ་མདོས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྨང་གཞི་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་ཤུགས་རྒྱག་པ་བཅས་ཀྱི་འགག་རྩའི་དུས་སྐབས་ཤིག་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་མདུན་དུ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་དང་ཉེན་ཁ་སེལ་བ། འགྲན་སློང་བསུ་བ་བཅས་བྱེད་དགོས། སླད་ཕྱིན་ལོ་ལྔའི་སྤྱིའི་ལས་ཀའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་གང་དྲག་ཞུ་བ་དང་མཉམ་འདྲེས་གང་ལེགས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་་གི”སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། “དོན་ཆེན་བཞི”ལ་དམ་པོར་དམིགས་པ། “འཛུགས་གཏོད་བཞི”ལ་ཤུགས་རྒྱག་པ། “གཏོད་དགོས་པ་གསུམ”གྱི་སྤྱིའི་ངེས་གནས་གཞི་རྩར་འཛིན་པ། “མདུན་གྲལ་དུ་སླེབས་པ་བཞི”ལ་སྐུལ་འདེད་གཏོང་བ། “ལྔ་ལྡན་ཆབ་མདོ”བཏོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས། སླད་ཕྱིན་ལོ་ལྔའི་འབད་འཐབ་ཀྱི་དམིགས་ཚད་གཙོ་བོ་ནི། མི་རིགས་མཐུན་སྒྲིལ་ཡར་ཐོན་མདུན་གྲལ་དུ་སླེབས་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མདུན་ གྲལ་དུ་སླེབས་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མདུན་གྲལ་དུ་སླེབས་པ། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་མདུན ་གྲལ་དུ་སླེབས་པ་བཅས་བྱ་རྒྱུ་དེ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ལྔའི་ཐད་ནས་སླད་ཕྱིན་ལོ་ལྔའི་གཙོ་གནད་ལས་དོན་ཁ་གསལ་བཏོན་པ་སྟེ། གཅིག་ནི་བློ་དཀར་ལྡན་པའི་ཆབ་མདོ་ཧུར་ཐག་བཏོད་དེ་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་ཐད་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། གཉིས་ནི་དུས་བདེའི་ཆབ་མདོ་ཧུར་ཐག་བཏོད་དེ་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་དགོས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་རྒྱུ་གཙོ་རྐང་དུ་བྱས་ནས། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་དམིགས་ཏེ། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་ཆེན་པོ་བྱེད་དགོས། གསུམ་ནི་གསོན་ཤུགས་ལྡན་པའི་ཆབ་མདོ་ཧུར་ཐག་བཏོད་དེ་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་གི”སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བཞི་ནི་ཤེས་དཔལ་ལྡན་པའི་ཆབ་མདོ་ཧུར་ཐག་བཏོད་དེ་བློ་བརྟན་འགྱུར་མེད་ངང་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ནས་རིག་གནས་ལ་བརྟེན་ནས་མི་སྐྱོང་བ་དང་། རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ། རིག་གནས་ལ་བརྟེན་ནས་བྱ་གཞག་དར་རྒྱས་གཏོང་བ་བཅས་བྱ་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལྷག་པར་སྐོང་དགོས། ལྔ་ནི་མཛེས་སྡུག་ལྡན་པའི་ཆབ་མདོ་ཧུར་ཐག་བཏོད་དེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་དགོས། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་དེ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སུ་བརྩིས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས་པ་བཅས་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་འཛུགས་སྐྱོང་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱེད་པ། རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ནན་པའི་རྩ་བའི་དགོངས་གཞི་དང་། ནན་པའི་བྱ་ཐབས། ནན་པའི་རྣམ་འགྱུར་བཅས་ཏང་དོ་དམ་དང་ཏང་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་ཅིང་། གཞི་རིམ་ཏང་རྩ་འཛུགས་སྐྱོང་གཏིང་ཟབ་བྱེད་པ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནོན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་བ། དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་བཟང་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་བཟོ་བ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པ་རེད།
ཚོགས་འདུའི་ཐོག་འབོད་སྐུལ་བྱས་དོན། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་།བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ཡིད་ཆེས་བརྟན་གཏོང་། བློ་གཅིག་སེམས་གཅིག གཞུང་འཁྱོངས་གསར་འབྱེད། དམ་འཛིན་དངོས་སྒྲུབ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཆབ་མདོའི་ལེའུ་རྩོམ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

