国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月18日

ཀྲང་ལི་ཡིས་གྲོང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཕྱོགས་བསྡོམས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་པོ་ཚོགས་འདུར་ཞུགས་ཏེ་མཛུབ་སྟོན་བྱས་ཡོད་པ་རེད།

ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཡུན་ཕན་ལམ་སྲོལ་འཛུགས་པར་བླང་བྱ་ཁ་གསལ་བཏོན་གནང་ཡོད་པས། ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད།

གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས“གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། སློབ་སྦྱོང་བསམ་གཞིགས་བེད་སྤྱོད་གསུམ་གཅིག་འབྲེལ་བྱེད་པ་དང་ཤེས་ཡོན་དད་སེམས་བྱ་སྤྱོད་གསུམ་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་འགུལ་གྱིས་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པ་བྱས་ནས། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་དངོས་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བསྟན།

ཚོགས་འདུ་ཡིས་སློབ་སྦྱོང་སློབ་གསོ་འགོ་ཚུགས་པའི་ཚུན་དུ། གྲོང་ཨུད་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།“ནན་ནན་ཏན་ཏན་དང་ཏན་ཏན་ཏིག་ཏིག་གསུམ”གྱི་བླང་བྱ་གལ་ཆེན་ནན་ཏན་གྱིས་ལག་ལེན་བསྟར་བ། “ཏང་འཛུགས་སྤྱི་ཕན་དང་། དམངས་ལ་བདེ་རྩ་སྐྲུན་པ། ཚན་རིག་དང་མཐུན་པའི་འཐབ་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་དམིགས་ཏེ་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བས་སྔོན་དཔག་གི་དམིགས་ཚད་ལ་སླེབས་ཏེ་ཕན་འབྲས་མངོན་གསལ་ཐོབ་ཡོད་ཞེས་ནན་བཤད་གནང་ཡོད།

ཚོགས་འདུ་ཡིས་སློབ་སྦྱོང་སློབ་གསོ་ནི་མཐར་ཐུག་ས་མ་ཡིན་པར་འགོ་འཛུགས་ས་གསར་པ་ཡིན། རྒྱུན་མཐུད་ངང་རིགས་གཞུང་སློབ་སྦྱོང་ཟབ་སྤེལ་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱེད་པ་དང་། རྒྱུན་རྣམ་ཅན་གྱིས་སྲིད་འབྲས་ལྟ་བའི་སློབ་གསོའི་གསབ་སྦྱོང་སྤེལ་ཏེ་དཔེ་སྟོན་སྣེ་ཁྲིད་དང་ལྡོག་ཕྱོགས་ཀྱི་ཉེན་ཟོན་སློབ་གསོ་ཆེ་རུ་གཏོང་དགོས། རྒྱུན་མཐུད་ངང་གནད་དོན་དག་ཐེར་ལ་དམ་འཛིན་བྱེད་དགོས་ཤིང་། དུས་རྒྱུན་དུ་སྲིད་འབྲས་ལྟ་བའི་ནོར་འཛོལ་གནད་དོན་ལ་ཞིབ་བཤེར་དག་ཐེར་བྱེད་པ་དང་། འགོ་ཁྲིད་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ་སོགས་ཀྱི་མངོན་གསལ་ཆེ་བའི་གནད་དོན་དག་ཐེར་ལ་དམ་འཛིན་བྱས་ཏེ། གནས་སྐབས་རྩིས་མེད་བྱས་མེད་པ་དང་ཡུན་རིང་དག་ཐེར་བྱེད་དགོས་པའི་གནད་དོན་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་མཐའ་འཁྱོལ་བྱེད་དགོས། རྒྱུན་མཐུད་ངང་ལག་ལེན་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་གལ་ཆེ་ཤོས་སུ་བརྩིས་ཏེ“དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “ལོ་ལྔ་ཚན་བཅོ་ལྔ་པའི”དམིགས་ཚད་ལས་འགན་གཞི་རྩ་བཟུང་ནས་འཆར་གཞི་གཅིག་མཐའ་འཁྱོལ་བར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྔར་བས་ཚོར་ཐུབ་པ་བྱེད་དགོས། རྒྱུན་མཐུད་ངང་ཡུན་ཕན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཤིང་། ལམ་ལུགས་ཀྱི“འཛུགས་བཅོས་འདོར་གསུམ”སྐུལ་འདེད་བྱེད་པ་དང་། ལས་བྱེད་པའི་སྲིད་འབྲས་དཔྱད་དཔོག་མ་ལག་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ། སྲིད་འབྲས་ལྟ་བའི་བྱ་སྤྱོད་ཀྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པར་སེམས་ལ་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་བྱེད་དགོས། རྒྱུན་མཐུད་ངང་བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། ཚན་པའི་ལས་དོན་མཉམ་ཤུགས་ལ་ཤུགས་སྣོན་རྒྱག་པ་དང་། གོང་འོག་འབྲེལ་མཐུད་དང་གཡས་གཡོན་མཐུད་སྦྱོར། གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་དོན་འཁྱོལ་མ་ལག་བསྐྲུན་ཏེ། ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུ་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་ཡོད།