འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་15ཉིན་གྱི་སྔ་དྲོ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་ལོ་འཁོར་གྱི་སློབ་སྦྱོང་ཚོགས་འདུ་ཐེངས་11པ་འཚོགས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ཆིས་དབྱིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཆིས་དབྱིན་ཧའེ་ཡིས་ཏང་གི་འགོ་ཁྲིད་འོག་གི་མི་དམངས་འཐུས་ཚོགས་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་ཁྲོད་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་དགོས། མི་དམངས་འཐུས་ཚོགས་གོང་འོག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་ཐིག་ལ་དམ་པོར་འཛིན་པ་དང་རྒྱུན་མཐུད་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་ཏུ་གཏོང་བ། ཁྲིམས་བསྟར་ཞིབ་བཤེར་དང་ཆེད་དོན་འདྲི་རྩད་སོགས་ཀྱི་ལྟ་སྐུལ་བྱེད་སྟངས་བེད་སྤྱོད་གང་ལེགས་བྱེད་ཅིང་། སློབ་སྦྱོང་གི་གྲུབ་འབྲས་དེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཕན་འབྲས་སུ་བསྒྱུར་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ཕན་ནུས་གང་དྲག་ཐོན་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱེད་པ་དེ་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཟོས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་སྡེ་ཚན་བརྩོན་ལེན་བྱ་དགོས་ལ། “ལས་ཁུངས་བཞི”འཛུགས་སྐྱོང་གི་དམིགས་ཚད་གཏན་འཁེལ་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་ནས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་མི་རིགས་ལས་དོན་གྱི་ཞབས་ཞུ་འགན་ལེན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་བརྩམ་ཆེད་དམངས་འཐུསཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་བསྟན།

