国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月18日

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་བཅར་འདྲི་སྣེ་ལེན་ཉིན་མོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་15ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཐན་ཧའོ་ཡིས་གྲོང་ཁྱེར་ཡིག་སྐུར་ངོ་གཏུག་ཅུས་སུ་ངོ་བཅར་སྣེ་ལེན་ཉིན་མོའི་བྱེད་སྒོ་སྤེལ་ནས་ངོ་ཐུག་གདོང་འཕྲད་ཀྱིས་ངོ་བཅར་ཡོང་བའི་མང་ཚོགས་ལ་སྣེ་ལེན་ཞུས་པ་དང་། ཞིང་པ་ལས་མིའི་གླ་ཆད་གྱི་འབྲེལ་ཡོད་ཡིག་སྐུར་ངོ་བཅར་གཙོ་གནད་དུ་བཟུང་སྟེ་མང་ཚོགས་ཀྱི་ཞུ་རེ་ལ་སྲུང་སྐྱོང་བྱས་པ་རེད།

བཅར་འདྲི་དང་ལེན་བྱ་ཡུལ་དུ་ཐན་ཧའོ་ཡིས་འཚམས་འདྲིར་ཕེབས་པའི་ཞིང་པ་ལས་མི་འཐུས་མི་གྱི་ཞུ་རེ་ལ་ནན་ཏན་ངང་ཉན་པ་དང་། གླ་ཆད་དོན་རྐྱེན་གྱི་འབྱུང་རྐྱེན་དང་རྣམ་གྲངས་གྱི་རྒྱབ་ལྗོངས། འབྲེལ་བ་གྱི་མི་གྲངས། ཆད་འགྱངས་གྱི་དངུལ་གྲངས། དེ་བཞིན་སྔ་སྐབས་ཐག་གཅོད་བཅས་ཀྱི་གནས་ཚུལ་འདྲི་རྩད་ཞིབ་ཚགས་བྱས་པ་དང་།མང་ཚོགས་ཀྱིས་ཞུས་པའི་གནད་དོན་སྣ་ཚོགས་ཟིན་ཐོར་ཞིབ་ཚགས་བཀོད་དེ་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་སེམས་ཁམས་ལ་སྣེ་ཁྲིད་བྱས་པ་རེད།འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཁྲིམས་ལྟར་སྒྲིག་སྲོལ་ལྟར་རྩ་དོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལུགས་མཐུན་ཞུ་རེ་ལ་དུས་བཀག་ལྟར་སེལ་རྒྱུར་སྐུལ་འདེད་གཏོང་བ་དང་། རྙོག་འཛིང་ཆེ་བའི་དཀའ་གནད་དང་དོགས་གནད་དོན་ཚན་ཐད་རྩིས་ཐོ་བཟོ་བ་དང་རྗེས་འདེད་སྒྲུབ་སྐུལ་བཟོས་ནས་བྱ་བ་ཚང་མར་ལན་ཡོད་པ་དང་དོན་ཐོག་ཏུ་འཁྱོལ་ཐུབ་པར་བྱས་ཡོད།