འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་14ཉིན་གྱི་སྔ་དྲོ། 2026ལོའི་ཁྲུང་ཆིང་གི་དགེ་རྒན་གྲགས་ཅན་ཆབ་མདོར་ཕེབས་ནས་སློབ་ཁྲིད་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།
ད་ཐེངས་ཀྱི་སློབ་ཁྲིད་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི“ཕྱོགས་ལྔ་གཞི་གཅིག”གི་མ་ལག་ཅན་གྱི་སློབ་གསོའི་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། གཅེས་སེམས་མཚོན་པའི་ཞལ་འདེབས་གནང་བ་ནི་སློབ་གསོའི་བོད་སྐྱོར་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད་ཅེས་གསུངས་པ་དང་། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་དང་རྒྱ་ཆེའི་དགེ་རྒན་ཚོས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ། ཆབ་མདོའི་སློབ་སྦྱོང་གི་གནས་ཚུལ་དང་ཟུང་འབྲེལ་གྱིས་མཐའ་གསལ་མཐིལ་རྟོགས་དང་སྦྱངས་པ་གོ་ཆོད་ཡོང་བ་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་སློབ་ཁྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཆབ་མདོ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕན་འབྲས་དངོས་ལ་བསྒྱུར་རྒྱུ་དེ་རེད།
མཛད་སྒོའི་ཐོག་ད་དུང་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་ཡུན་ཉིན་3ཡིན་པ་དང་། ཁྲུང་ཆིང་ནས་ཡོང་བའི་ཆེས་མཐོའི་དགེ་རྒན་དང་རྐང་འཛིན་དགེ་རྒན་གྱི་རིགས་གཅིག་མཁས་ཅན་ཚོགས་པ་སྒྲིག་འཛུགས་བྱས་ཏེ། སློབ་གྲྭ་ཁག་ལ་ཕེབས་ཏེ་སློབ་ཁྲིད་གནང་ནས་སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

